འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨར་ཅི་རི་ཡའི་ཀྲུང་གོའི་སྤུས་རྟགས་རླངས་འཁོར་དང་པོ་སྒྲིག་སྦྱོར་བྱས་ནས་བཟོས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨར་ཅི་རི་ཡའི་ཀྲུང་གོའི་རང་རྟེན་སྤུས་རྟགས་རླངས་འཁོར་དང་པོ་དེ་ཚེས་8ཉིན་སའེ་ཐི་ཧྥུའུ་ཞིང་ཆེན་བཟོ་ལས་གླིང་ཧྲའན་ཤིས་རླངས་འཁོར་ཚོགས་པ་ཨར་ཅི་རི་ཡའི་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭར་བཟོས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བཟོ་གྲྭ་དེར་ས་ཁྱོན་སྨི་ངོས་གྲུ་ཁྲི་2ཟིན་པ་དང་ཟླ་བ་དེར་སྐྲུན་འགོ་ཚུགས་མ་ཐག་ཡིན་པ་རེད། དེ་ནི་ཨར་ཅི་རི་ཡའི་མ་ཙུའུ་ཚི་ཚོགས་པ་དང་ཧྲའན་ཤིས་རླངས་འཁོར་ཚོགས་པ་གཉིས་ཀྱིས་མཉམ་དུ་མ་རྩ་བཞག་ནས་བསྐྲུན་པ་ཞིག་ཡིན་པ་དང་། ཧྲའན་ཤིས་རླངས་འཁོར་ཚོགས་པའི་ཕྱི་རྒྱལ་དུ་མ་རྩ་བཞག་ནས་བསྐྲུན་པའི་སྒྲིག་སྦྱོར་བཟོ་གྲྭ་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཨར་ཅི་རི་ཡའི་ཀྲུང་གོའི་སྤུས་རྟགས་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭ་ཐོག་མ་དེ་ཡང་རེད། བཟོ་གྲྭ་དེས་ས་གནས་དེ་གར་ཧྲའན་ཤིས་རླངས་འཁོར་ཚོགས་པའི་Shacmanརྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་སྣ་ཚོགས་བཟོས་ནས་ལོར་རླངས་འཁོར་ཐོན་ཚད་3000ལྷག་ཐོན་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།