འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུའུ་ཡིས་དྲ་རྒྱའི་རོལ་རྩེད་ལས་སྟེགས་ཀྱི་རྒྱན་འགྱེད་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས་དྲ་རྒྱའི་རོལ་རྩེད་དང་རྒྱན་འགྱེད་འབྲེལ་བའི་གནད་དོན་མངོན་གསལ་དོད་དུ་སོང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཧ་ཅང་གནོད་པའི་གནས་ཚུལ་ལ་གཞིགས་ཏེ། སྤྱི་བདེ་པུས་ལྟ་སྐུལ་སྒྲུབ་གཉེར་དང་མཛུབ་ཁྲིད་འོག་ས་གནས་ཁག་ཏུ་དྲ་རྒྱའི་རོལ་རྩེད་ལས་སྟེགས་ཀྱི་རྒྱན་འགྱེད་གྱོད་གཞི་ཆེན་པོ་གང་ཡང་རྩད་ཆོད་པ་དང་། ཁྲིམས་མཐུན་གཉེར་སྐྱོང་འོས་ཐོབ་ཀྱི་སྒྲིབ་གཡོག་ལ་བརྟེན་པའི་མིག་མངས་དང་རོལ་རྩེད་རྒྱན་འགྱེད་དང་འབྲེལ་བའི་དྲ་རྒྱའི་རོལ་རྩེད་ལས་སྟེགས་མང་པོ་རྩ་མེད་བཟོས་ཤིང་། རྒྱན་འགྱེད་ཉེས་གསོག་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་ནུས་ལྡན་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།