འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གི་ལོ་ཚོགས་ཐོག“རྒྱུད་གཅིག་ལམ་གཅིག”
    ལ་གྲོས་བསྡུར་འཁྲུག་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་2018ལོའི་ལོ་ཚོགས་ཚེས་9དང་10ཉིན་དབུས་ཤར་གྱི་རྒྱལ་ཁབ་ཅོར་ཏན་དུ་འཚོགས་ཤིང་། ཚེས་8ཉིན་གྱི་གྲ་སྒྲིག་ཚོགས་འདུ་རབ་དང་རིམ་པའི་ཐོག དངུལ་ཁང་དེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་བརྗོད་དོན་གཙོ་བོར་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཆེད་དུ་བཀོད་སྒྲིག་བྱས་པར། ཚོགས་ཞུགས་པ་ཚོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་གོ་ལ་ཧྲིལ་པོའི་ཚོང་དོན་དང་དཔལ་འབྱོར་འཕར་རྒྱུར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུའི་ཐད་ནས་གྲོས་བསྡུར་བྱས་པ་རེད།
         “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་དང་ཁྱབ་ཁོངས་ཆེ་བའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་གི་དངུལ་རྩའི་འབྲེལ་བ་སྔར་བས་དམ་དུ་གཏོང་ཐུབ་ཅེས་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་གཞོན་པ་དང་པོ་ཡུར་ཀེན·ལི་ཁེ་ཐེ་ལིན་ཁེས་བཤད་ཅིང་། དངུལ་ཁང་དེས་ཀྲུང་གོ་དང་མཉམ་འབྲེལ་བྱས་ནས་འཛུགས་སྐྲུན་བྱེད་རིང་གི་དཀའ་ངལ་ཁྱད་དུ་བསད་དེ“རྒྱུད་གཅིག་ལམ་གཅིག”ལམ་ལྷོངས་ཡོང་རྒྱུར་གཞོགས་འདེགས་བྱེད་པའི་རེ་བ་བྱེད་ཀྱི་ཡོད།
         ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཁྲེན་ཡུས་ལུའུ་ཡིས་གཙོ་དོན་གཏམ་བཤད་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་འཕེལ་རིམ་དང་ཀྲུང་གོ་སྲིད་གཞུང་གི་འབྲེལ་ཡོད་བྱེད་ཐབས་ངོ་སྤྲོད་བྱས་ཤིང་། ཁོང་གིས། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་ཡིན་པས། ཡུན་རིང་མ་སོང་གོང་འཚོགས་པའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཐོག ཀྲུང་གོའི་འགོ་ཁྲིད་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་གོའི་ཆོད་སེམས་དང་སྒོ་འབྱེད་སྔར་བས་ཆེ་རུ་གཏོང་བའི་ཀྲུང་གོའི་བྱེད་ཐབས་གསལ་བཤད་བྱས་ཡོད། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་ཚང་མ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡོད། ཀྲུང་གོ་དང་ཕྱོགས་ཁག་གི་མཉམ་ལས་ལས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་མ་འཇོག་སྔར་བས་མང་པོ་དང་ཕན་པ་སྔར་བས་ཆེན་པོ་ཐོབ་ངེས་རེད་ཅེས་བརྗོད།
         གདན་ཞུས་ལྟར་ཕེབས་པའི་ཧ་སག་སི་ཐན་གྱི་ནོར་སྲིད་པུའུ་ཀྲང་པཱ་ཞི་ཐེ·སུའུ་ཏན་ནུའོ་ཧྥུའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་སྐུལ་འདེད་འོག་ཧ་ཀྲུང་མཐའ་མཚམས་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཧ་སག་སི་ཐན་གྱིས་ཀྲུང་གོའི་རྒྱབ་སྐྱོར་འོག་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ལྕགས་ལམ་དང་གཞུང་ལམ་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་མངོན་གསལ་དོད་དུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་རང་མོས་ཚོང་དོན་ཁུལ་དེ་དཔལ་འབྱོར་གྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད་ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།