འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཀྲོའུ་ཡིས་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་བྱེད་སྤྱོད་ཐེར་འདོན་བྱེད་མཁན་ལ་
    བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀོང་ཀྲོའུ་ཡིས་རྒྱ་ཆེའི་མང་ཚོགས་ནག་ཚོགས་གཏུམ་སྤྱོད་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱ་ཆེད། ནག་ཚོགས་གཏུམ་སྤྱོད་ཀྱི་འབྲེལ་ཡོད་གནས་ཚུལ་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད། ཉེ་ཆར་་ཡོངས་བསྒྲགས་བྱས་པའི་《ཀོང་ཀྲོའུ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་(ཚོད་ལྟའི་ལག་བསྟར)》(གཤམ་དུ་《བྱ་ཐབས་》ཞེས་པར་བསྡུ་རྒྱུ)ལ་གཞིགས་ནས། ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་ཁུངས་སྣེ་འདོན་མཁན་མང་ཚོགས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་20སྤྲོད་རྒྱུ་ཡིན་པ་རེད།
         ཐེར་འདོན་གྱི་བྱ་དགའ་སྤྲོད་ཡུལ་ནི་ཀོང་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ནང་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་རྩ་འཛུགས་དང་མི་སྒེར་གྱིས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐེར་འདོན་བྱེད་མཁན་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་བཅས་ཡིན་པ་དང་། ཐེར་འདོན་བྱེད་མཁན་མང་ཚོགས་ལ་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བའི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱི་གཞི་རྩའི་གནས་ཚུལ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་ཁྱབ་ཁོངས། ཁྲིམས་འགལ་ཉེས་གསོག་དོན་དངོས་ཡིན་པའི་དཔང་རྟགས་གཙོ་བོ་སོགས་ཀྱི་ནང་དོན་སྐོར་གྱི་ཁུངས་སྣེ་ཞིབ་ཕྲ་གང་ཐུབ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།