འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པས་ཨེ་ཅིབ་ཀྱི་འབྲེལ་ཡོད་ཕྱོགས་ཁག་དང་
    བཞུགས་མོལ་སྤེལ་རེས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། ཨེ་ཅིབ་ལ་འཚམས་འདྲི་བྱེད་བཞིན་ཡོད་པའི་ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པའི་ཁོངས་མིས་ཁེ་རོར་ཨེ་ཅིབ་ཀྱི་ཏང་ཤོག་མི་སྣ་དང་། ཨེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཁོངས་མི། དེ་བཞིན་ཀྲུང་ཨེའི་སྨྱན་སྦྱོར་བཅས་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད།
         སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་ཀྲུང་ཧྭའི་ཕྱི་རྒྱལ་མཐུན་འབྲེལ་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཞུས་ཀུའེ་ཤང་གིས། ཀྲུང་གོའི་ཤིན་ཅང་གི་རིག་གནས་སྤེལ་རེས་ཚོགས་པ་ཨེ་ཅིབ་ཏུ་བསྐྱོད་པའི་དམིགས་ཡུལ་ནི་ཨེ་ཅིབ་ཕྱོགས་ཀྱི་ལས་རིགས་ཁག་གིས་ཤིན་ཅང་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་རིག་གནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་གསུངས། ཁོང་གིས་ཨེ་ཅིབ་ཕྱོགས་ལ་ཤིན་ཅང་གི་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། རིག་གནས་རྒྱུན་འཛིན། ཆོས་དད་རང་མོས་སོགས་ཀྱི་སྲིད་ཇུས་དང་གྲུབ་འབྲས་ངོ་སྤྲོད་གནང་བ་རེད།
         ཞུས་ཀུའེ་ཤང་གིས་ཤིན་ཅང་ལ་མི་རིགས་དང་། རིག་གནས། ཆོས་ལུགས་བཅས་མང་བའི་ཁྱད་ཆོས་ཡོད་པ་དང་ཆོས་ལུགས་ཁག་དབར་སྔར་ནས་བཟུང་གནས་བབ་འདྲ་མཉམ་དང་། འབྲེལ་བ་མཐུན་སྦྱོར། མཉམ་འདྲེས་འཕེལ་རྒྱས་བཅས་ཡོད་མོད། འོན་ཀྱང་ཆོས་ལུགས་ཐད་སྐྱོད་པའི་བསམ་བློས་ཤིན་ཅང་གི་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཆོས་ལུགས་ཐད་སྐྱོད་པའི་བསམ་བློ་ནི་ཆོས་ལུགས་ཀྱི་བསྟན་དོན་དང་རྦད་དེ་རྒྱབ་འགལ་ཞིག་རེད་ལ། ཁ་ཕྲལ་རིང་ལུགས་དང་གཏུམ་སྤྱོད་འཇིགས་སྐུལ་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་ཞིག་ཀྱང་ཡིན་པས་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཤིན་ཅང་གི་གནས་ཚུལ་འཁྱོག་བཤད་བྱས་པའི་གནད་དོན་ལ་དམིགས་ནས་ཞུས་ཀུའེ་ཤང་གིས་དེ་ནི་མི་ལ་ལས་ཤིན་ཅང་གི་གནས་ཚུལ་ངོ་མ་མི་ཤེས་པའི་རྐྱེན་གྱིས་རེད། སྒོ་འབྱེད་དང་སྤེལ་རེས་བྱས་པ་བརྒྱུད་མི་དེ་བས་མང་པོས་ཤིན་ཅང་ཤེས་རྟོགས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ལ། མཛའ་གྲོགས་མི་སྣ་ཤིན་ཅང་དུ་རྟོག་ཞིབ་དང་འཚམས་འདྲི་བྱེད་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
         ཨེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཁོངས་མི་དང་། 《གཏོར་གཟུགས་མཆོད་རྟེན་ཚགས་པར་》 གཞུང་སྒོ་ལྟ་བུའི་དྲ་ཚུགས་བཅས་ཀྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་གཱ་མན་ལེས་ཚོགས་འདུའི་ཐོག་ང་2010ལོར་ཤིན་ཅང་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་ཡིན། ཝུའུ་ལུའུ་མུའུ་ཆི་དང་ཐུ་ལུ་ཕན་དུ་ས་གནས་དེའི་མིས་སྨྱུང་གནས་ཟླ་བ་ཇི་ལྟར་གཏོང་ལུགས་ཤེས་བྱུང་། ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་གནམ་ཐང་འཕེལ་རྒྱས་ཆེན་པོ་ཕྱིན་འདུག་པས། ང་ལ་བག་ཆགས་ཆེན་པོ་བཞག་བྱུང་། དེ་དག་ལས་ཤིན་ཅང་གྲ་རྒྱས་སུ་ཕྱིན་པ་མཐོང་ཐུབ་པ་དང་ཤིན་ཅང་ལ་གྲུབ་འབྲས་ཆེན་པོ་དེ་འདྲ་ཐོབ་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
         ཨེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཁོངས་མི་《གཏོར་གཟུགས་མཆོད་རྟེན་ཚགས་པར་》གྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་མན་སུར་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་ང་2015ལོར་ཤིན་ཅང་དུ་སྐྱོད་མྱོང་། ཕྱི་རྒྱལ་དུ་ཤིན་ཅང་ལ་གནོད་པའི་སྐད་ཆ་ཤོད་མཁན་ཡོད་མོད། འོན་ཀྱང་ངས་ཤིན་ཅང་གི་གནས་ཚུལ་ངོ་མ་ཤེས་རྟོགས་བྱས་པ་ཡིན། འཚམས་འདྲི་བྱེད་སྐབས་ངས་ཀྲུང་གོ་སྲིད་གཞུང་གིས་ཆོས་དད་རང་མོས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཤིན་ཅང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ཡང་མཐོང་བྱུང་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།