འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་དུ་ཞིང་ལས་མཐོ་སློབ་ཀྱིས་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་སློབ་མ་རིན་མེད་ངང་བསྡུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧྲན་ཏུང་ཞིང་ཨུད་རྩ་འཛུགས་པུའུ་དང་ཞིང་ཆེན་ཞིང་ལས་ཐིང་སོགས་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་མགྱོགས་པོ་བྱེད་ཆེད། མཉམ་དུ་བྱ་ཐབས་བཟོས་ནས་ཤང་དང་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞིར་འཕྲལ་མར་མཁོ་བའི་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་གཙོ་གནད་དུ་གསོ་སྐྱོང་བྱ་རྒྱུ་རེད། འདི་ལོ་ནས་བཟུང་ཧྲན་ཏུང་ཞིང་ཆེན་ནང་ཁུལ་གྱི་ཞིང་ལས་མཐོ་རིམ་སློབ་གླིང་དང་སློབ་གྲྭས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཤེས་ལྡན་པ་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་རྒྱུ་ཡིན་ཞིང་། སློབ་རྒྱུས་ནི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་སློབ་ཡུན་ལོ་4ཡིན་པ་རེད།
         ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་སློབ་མ་སློབ་གྲྭར་སློབ་སྦྱོང་བྱེད་རིང་སློབ་ཡོན་དང་ཉལ་ཁང་གི་གླ་རིན་རྩ་ཆག་གཏོང་རྒྱུ་མ་ཟད། ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་ངེས་ཅན་སྤྲོད་རྒྱུ་རེད། འགྲོ་སོང་དག་ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཀྱིས་སློབ་མ་རེར་ལོ་རེར་སྒོར་ཁྲི་1གི་ཚད་གཞིའི་ཐོག་ནས་མཐོ་སློབ་ལ་སྤྲོད་རྒྱུ་ཡིན་ཞིང་། དེའི་ནང་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་4000ཡིན་པ་དང་སློབ་གྲྭས་མི་རེར་ཟླ་རེར(ཁྱོན་ཟླ་བ་བཅུ་ཡིན་ཞིང་། དགུན་གསེང་དང་དབྱར་གསེང་ཚུད་མེད)སྒོར་400ཡི་ཚད་གཞི་གཞིར་བཟུང་། གསོ་སྐྱོང་སློབ་མར་ཆད་ལུས་མེད་པར་སྤྲོད་རྒྱུ་རེད། ཕུལ་དུ་བྱུང་བའི་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཤེས་ལྡན་པ་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་སློབ་མ་རྣམས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ཞིང་ཆེན་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དཔྱད་འདེམས་ནང་ཞུགས་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།