འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་གིས་སློབ་མར་བརྙས་བཅོས་སོགས་ཀྱི་རིགས་ཐར་པར་གཏན་ནས་མི་གཏོང་བར་
    ཁྲིམས་ཆད་ལྕི་པོ་དང་མགྱོགས་པོ་གཅོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་11ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ནན་ཅིང་སྲིད་གཞུང་གིས་ཉེ་ཆར་བཏོན་པའི་བསམ་འཆར་ནང་། སློབ་གྲྭའི་མཐའ་འཁོར་དུ་སློབ་མའི་བདེ་འཇགས་ཁྱབ་ཁོངས་འགོད་འཛུགས་བྱེད་དགོས་པ་དང་། དྲ་ཁང་སོགས་རོལ་རྩེད་རྩེ་ཡུལ་འཛུགས་རྒྱུ་གཏན་འགོག་བྱེད་དགོས་པ། སློབ་མར་ཉེས་རྡུང་དང་། བརྙས་བཅོས། བཙན་གཡེམ་སོགས་བྱས་རིགས་ཐར་པར་གཏན་ནས་མི་གཏོང་བར་ཁྲིམས་ལྟར་ཆད་པ་ལྕི་པོ་དང་མགྱོགས་པོ་གཅོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
         བསམ་འཆར་ནང་སློབ་གྲྭས་སློབ་གྲྭའི་ནང་ཁུལ་གྱི་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་འཁུར་རྒྱུ་དང་། བདེ་འཇགས་ལས་དོན་སློབ་སྤྱིས(ཡོན་ཀྲང)འགན་འཁུར་རྒྱུའི་ལམ་ལུགས་ལག་བསྟར་བྱེད་པ། སློབ་གྲྭའི་འགོ་ཁྲིད་གཅིག་གིས་བདེ་འཇགས་ལས་དོན་གྱི་ལས་འགན་ལ་དོ་དམ་བྱས་ཏེ་སློབ་གྲྭའི་མཐའ་སྐོར་བ་དང་། དགེ་རྒན་ལ་དམའ་འབེབས་དང་ཉེས་རྡུང་། སློབ་གྲྭའི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བ་སོགས“སློབ་གྲྭར་ཟིང་ཆ་སློང་བའི”བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་གསལ་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།