འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་དབང་པོ་ཞལ་འདེབས་འབུལ་རྒྱུར་ཐོ་འགོད་བྱེད་མཁན་མི་གྲངས་ཁྲི་42ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་བར་རང་རྒྱལ་དུ་དབང་པོ་ཞལ་འདེབས་འབུལ་རྒྱུར་དང་བླངས་ཐོ་འགོད་བྱེད་མཁན་མི་གྲངས་ཁྲི་42ཟིན་པའི་ཁྲོད“སྦྱིན་པ་དང་དང་ལེན”ཞེས་པའི་དབང་པོ་ཞལ་འདེབས་ཀྱི་ལས་སྟེགས་བརྒྱུད་ཐོ་འགོད་བྱེད་མཁན་མི་གྲངས་ཁྲི་30ལས་བརྒལ་ཡོད་པ་རེད།
         2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་རྒྱལ་དུ་དབང་པོ་ཞལ་འདེབས་འབུལ་ཚད་དང་དབང་པོ་བརྗེ་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད་ཅིང་། འདི་ལོའི་ཟླ་3ཚེས་28ཉིན་བར། དབང་པོ་ཁྲི་1.65ཞལ་འདེབས་ཕུལ་ཡོད། ཀྲུང་གོ་ནི་ཨ་རི་དང་སི་ཕེན་རྗེས་ཀྱི་གོ་ལ་ཧྲིལ་པོའི་དབང་པོ་ཞལ་འདེབས་འབུལ་ཚད་ཨང་གསུམ་པར་སླེབས་པའི་རྒྱལ་ཁབ་ལ་གྱུར་ཡོད། ཡིན་ནའང་རང་རྒྱལ་གྱི་དབང་པོ་ཞལ་འདེབས་འབུལ་བའི་ལས་དོན་ཁྱབ་གདལ་གྱི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད། འབྲེལ་ཡོད་བསྡོམས་རྩིས་ལྟར་ན། རང་རྒྱལ་དུ་ལོ་ལྟར་དབང་པོ་བརྗེ་དགོས་པའི་ནད་པ་ཁྲི་30ལྷག་ཙམ་ཡོད། འོན་ཀྱང་དེ་དང་བསྡུར་ན་དབང་པོ་བརྗེ་ཐུབ་པའི་ནད་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།