འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་ཁྱེར་གྱིས་ཤེས་དཔལ་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པ་དང་ཡུལ་སྐོར་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཤེས་དཔལ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ལས་རིགས་ཡོངས་སུ་ཤེས་དཔལ་ཡུལ་སྐོར་གྱི་དར་སྲོལ་བཟང་པོ་ཆགས་པ་བཅས་བྱས་ནས་ཀྲུང་གོའི་བསིལ་ལྡན་གྲོང་ཁྱེར·བདེ་སྐྱིད་ལྡན་པའི་ཟི་ལིང་གི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ཡུལ་སྐོར་བ་མང་པོའི་དུས་ཚིགས་བསུ་བའི་གྲ་སྒྲིག་གང་ལེགས་བྱེད་ཆེད། ཟླ་4ཚེས་27ཉིན། ཟི་ལིང་གྲོང་ཁྱེར་གྱིས་ལྟེ་བའི་ཐང་ཆེན་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་བརྒྱ་རུ་ཤེས་དཔལ་ཡུལ་སྐོར་གྱིས་ཀྲུང་གོར་གཟི་དཔལ་སྣོན་པ——ལྗང་མདོག་ཕྱིར་སྐྱོད་ཀྱི་གྲོང་ཁྱེར་བརྒྱ་མཉམ་འགུལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོའི(མཚོ་སྔོན་ཟི་ལིང)འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
         མཛད་སྒོའི་ཐོག་ཤེས་དཔལ་ཡུལ་སྐོར་གྱི་བརྙན་ཟློས་སྟོན་པ་དང་། “ཤེས་དཔལ་ཡུལ་སྐོར་དང་ལྗང་མདོག་ཕྱིར་སྐྱོད”ཀྱི་གྲོས་གཞི་འདོན་པ། མཉམ་དུ“ཤེས་དཔལ་ཡུལ་སྐོར། ལྗང་མདོག་ཕྱིར་སྐྱོད”ཀྱི་ཁས་ལེན་ལ་མིང་འགོད་པ། དར་ཆ་སྤྲོད་པ། རིག་རྩལ་འཁྲབ་སྟོན་སོགས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་ལས་དོན་པ་སོགས་ལ་ཟི་ལིང་གྲོང་ཁྱེར་གྱི་ཤེས་དཔལ་ཡུལ་སྐོར་ལས་དོན་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་སྦྲགས། ཡུལ་སྐོར་ནི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཤེས་དཔལ་བརྒྱུད་སྤྲོད་བྱེད་པའི“སྐར་ཁུང”གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ཁ་གསལ་བསྟན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤེས་དཔལ་ཡུལ་སྐོར་ནི་ས་ཁུལ་ཞིག་གི་གྲོང་མི་དང་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཤེས་དཔལ་ཆུ་ཚད་མཚོན་པའི་སྟོན་རྟགས་གལ་ཆེན་ཞིག་ཡིན་ལ། ཐེངས་འདིའི་བྱེད་སྒོའི་ཐོག་ཚང་མར་དུས་བབ་གསར་པ་དང་། རྒྱུན་རྣམ་གསར་པ། ལས་འགན་གསར་པ་བཅས་ལ་བསྟུན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཤེས་དཔལ་གྱི་དར་སྲོལ་གསར་པ་གཏོད་པའི་ལས་འགན་གསར་པ་ཡག་པོ་བསྒྲུབས་ནས། རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་དང་དེ་བཞིན་ལས་ཞུགས་མི་སྣ་ཚོར་ཤེས་དཔལ་ཡུལ་སྐོར་དེ་ནང་སེམས་ཀྱི་རིན་ཐང་གཉེར་ཕྱོགས་དང་ཕྱི་སྤྱོད་པའི་ཚད་གཞི་ལྟ་བུར་འགྱུར་བར་བྱས་ཏེ། བསམ་བློའི་ཐད་ངོས་འཛིན་གཅིག་མཐུན་ཆགས་པ་དང་ཡུལ་སྐོར་ཁྲོད་ཤེས་དཔལ་དང་། ཐཱན་ཉུང་། ལྗང་མདོག་ཕྱིར་སྐྱོད་བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་རྒྱུ་དང་། ཤེས་དཔལ་ཡུལ་སྐོར་དང་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་ལམ་ཡག་པོ་འཛུགས་པ། ལས་རིགས་ཀྱི་ཞབས་ཞུའི་མ་ལག་ཚད་ལྡན་འཛུགས་པ་བཅས་བྱས་ནས། ཡུལ་སྐོར་བར་བག་ཕེབས་ཤིང་བློ་བདེ་བའི་ཡུལ་སྐོར་ཁོར་ཡུག་གཏོད་རྒྱུ། ཡུལ་སྐོར་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། ཞབས་ཞུ་ལ་བརྟེན་ནས་སྤུས་རྟགས་གཏོད་པ་དང་། ཞབས་ཞུ་ལ་བརྟེན་ནས་ཁྲོམ་ར་འཛིན་པ། ཞབས་ཞུ་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་བསིལ་ལྡན་གྲོང་ཁྱེར·བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་འདོན་རྒྱུ་བཅས་ཀྱི་འབོད་སྐུལ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།