འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བརྩེ་བ་ཟབ་མོ་དབུན་ཁྲོན་ཡུལ་དུ་བཅངས།

    —— 2018ལོའི“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་དབུན་ཁྲོན་ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་སྤྱི་ཕན་བྱེད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བགྲང་བྱ་བཅུ་ཡི་སེམས་མཐུན་འབད་བརྩོན་ལས། མཚར་སྡུག་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། གེགས་རྗེས་ཀྱི་ལོ་10ཡི་ནང་། དབུན་ཁྲོན་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང། མི་དམངས་ཀྱི་འཚོ་བ་ལོ་རེ་བཞིན་ཡག་ཏུ་སོང་ཡོད། ཁམས་གཙང་ལ་གྲལ་སྟར་འགྲིག་པའི་གྲོང་མིའི་ཁང་པ་དང་། སློབ་གྲྭ སྨན་ཁང་བཅས་ལྟ་ན་སྡུག་པའི་རི་ཀླུང་གི་གསེབ་ཏུ་ཉམས་དོད་པོས་གནས་པ་དང་སྣོད་བཅུད་ཀྱི་གྲོང་དང་། རིག་གནས་ཀྱི་གྲོང་། དེང་རབས་ཀྱི་གྲོང་བཅས་བསྐྲུན་རྒྱུ་བསམ་ཕྱོགས་དུ་འཛིན་པའི་སྐྱོན་བྲལ་བག་ཕེབས་ཀྱི་དབུན་ཁྲོན་སྔར་བཞིན་འགྱིང་ངེར་གནས་ཡོད།
         ཟླ་4ཚེས་29ཉིན། རྒྱལ་ས་དང་རྒྱལ་ཡོངས་ནས་ཡོང་བའི“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བྱེད་སྒོའི་སྨན་བཅོས་དང་བླངས་པ་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་600ལྷག་ཙམ་གྱིས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དང་དབུན་ཁྲོན་རྫོང་དུ་བསྐྱོད་ནས་དུས་ཡུན་ཉིན་5ཡི“དབུན་ཁྲོན་ཏུ་ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་10འཁོར་བར་དྲན་གསོ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་ཡོད།
         ལོ་10ཡི་གོང་གི་རྐྱེན་ངན་བར་ཆད་དེ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་བྱ་ཡུལ་དུ་གྱུར། རྒྱལ་སའི་སྨན་བཅོས་རིགས་གཅིག་མཁས་ཅན་དང་ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་དང་བླངས་པས་འཕྲལ་མ་ཉིད་དུ་གེགས་ཁུལ་དུ་བསྐྱོད་ནས་ཆེད་ལས་ཀྱི་སྨན་བཅོས་ཤེས་བྱ་དང་སྨན་པའི་བྱམས་སེམས་ལ་བརྟེན་ནས་ས་ཡོམ་གྱི་གནོད་འཚེ་བྱུང་བར་རོགས་སྐྱོབ་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་མ་ཟད། ས་ཡོམ་གྱི་འཇིགས་པས་བཅོམས་པའི་ས་གཞིའི་ཐོག་ཏུ“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་གྲས་དོན་གཉེར་བྱས།
         ད་རེས་ཀྱི་2018ལོའི“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་དབུན་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་སྤྱི་ཕན་བྱེད་སྒོའི་དང་བླངས་པ་ནི་སྨན་དོན་མི་སྣ་དང་། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ། ཁེ་ལས་མཁས་ཅན། སྒྱུ་རྩལ་མཁས་ཅན་བཅས་ལས་གྲུབ་པ་ཞིག་ཡིན་པའི་ཁྲོད། དམག་ཡོངས་ཀྱི་སྙིང་ཁམས་ཁྲག་རྩའི་ནད་གཞི་ཞིབ་འཇུག་ཁང་གི་སུའོ་ཀྲང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཧན་ཡ་ལིང་དང་། པེ་ཅིང་ཆིང་ཧྭ་ཁྲང་ཀེན་སྨན་ཁང་གི་ལག་བསྟར་ཡོན་ཀྲང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཏུང་ཅ་ཧུང་། པེ་ཅིང་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ“དང་སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཅིན་ཏེ་ཕུང་སོགས་དང་། དེ་བཞིན་རྒྱལ་ས་དང་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་200ཙམ་གྱི་སྨན་བཅོས་དང་བླངས་པ་600ལྷག་ཙམ་གྱིས་དབུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་དང་། ཡན་མོན་ཤང་། ལུང་ཤི་ཤང་། མེན་ཁྲི་ཤང་སོགས་ཤང་དང་གྲོང་རྡལ་12ཀྱི་རྫོང་སྨན་ཁང་དང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་གཅེས་སེམས་མཚོན་པའི་སྤྱི་ཕན་བྱེད་སྒོ་སྤེལ་བར་བསྐྱོད་པ་མ་ཟད། ས་ཡོམ་གྱིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་སློག་གི་ཁྱིམ་ཚང་ལ་འཚམས་འདྲི་དང་། སྐོར་སྐྱོད་སྨན་བཅོས། རོགས་སྐྱོབ་བཅས་བྱས་པ་དང་། ཡུལ་དེའི་སྨན་དོན་ལས་དོན་པར་ཆེད་ལས་གསོ་སྦྱོང་བྱས་ཏེ་ཁོང་ཚོའི་ཆེད་ལས་རྩལ་ནུས་མཐོ་རུ་བཏང་ཡོད་པ་རེད།
         ཟླ་4ཚེས་30ཉིན་ནས་ཟླ་5ཚེས་3ཉིན་བར་བྱེད་སྒོ་སྤེལ་རིང་། “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་བྱེད་སྒོ་སྤེལ་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བ་དང་། འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པ། གཅེས་སེམས་མཚོན་པའི་ཞལ་འདེབས་རྒྱག་པ། དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱེད་པ། བདེ་ཐང་གི་འཆད་ཁྲིད་ཆེ་མོ་སོགས་བྱས། ཉིན་5ཡི་རིང་མང་ཚོགས་17839ལ་འོས་འགན་སྨན་བཅོས་བྱས་པ་དང་། དུད་ཚང་200ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ། ཡུལ་དེའི་སྨན་དོན་མི་སྣར་བདེ་ཐང་གི་འཆད་ཁྲིད་ཆེ་མོའི་གསོ་སྦྱོང་འཆད་ཁྲིད་ཐེངས་21བྱས་པར་མི་ཐེངས་400ལྷག་ཙམ་ལ་ཁྱབ་ཡོད། དངུལ་སྒོར་25500ཞལ་འདེབས་བརྒྱབ་པ་དང་། ཞལ་འདེབས་བརྒྱབ་པའི་སྨན་རྫས་ཀྱི་རིན་ཐང་སྒོར་ཁྲི་227ཟིན་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་དཔེ་18གཏན་འཁེལ་བྱས་པ་ས་གནས་ས་ཐོག་ཏུ་མི་35ལ་སྨན་བཅོས་བྱས་པ། རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་3འཚོགས་པ། རྒན་གསོ་ཁང་གི་མི་110ལ་འཚམས་འདྲི་བྱས་པ། རྔ་པ་དམིགས་བསལ་སློབ་གསོའི་སློབ་གྲྭར་མཚམས་འདྲི་བཅས་བྱས་ཡོད་པ་རེད།
         2008ལོར་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། བྱེད་སྒོས་རྒྱལ་སའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་གཙོས་པའི་དང་བླངས་པའི་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་ལོ་10བསྟུད་མར་མཐའ་མཚམས་མི་རིགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་བདེ་ཐང་དང་བླངས་པའི་ཞབས་ཞུ་བསྒྲུབས་པ་དང་། ནང་དོན་ཐད་ཡུལ་ནད་བརྟག་ཞིབ་དང་། འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། གཅེས་སེམས་ཞལ་འདེབས། སྨན་བཅོས་གསོ་སྦྱོང་། བདེ་ཐང་འཆད་ཁྲིད། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གདམ་སྒྲུག་དང་རོགས་སྐྱོབ་སོགས་ཚུད་ཡོད། ལོ་10ཡི་རིང“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེས་སྨན་བཅོས་དང་བླངས་པ་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། མི་ཐེངས་ཁྲི་50ལྷག་ཙམ་ལ་སྔ་རྗེས་སུ་སྨན་དོན་དང་བླངས་པའི་ཞབས་ཞུ་བསྒྲུབས་པ། དངུལ་དང་དངོས་པོ་བསྡོམས་སྒོར་དུང་ཕྱུར་3ཞལ་འདེབས་བརྒྱབ་པ། རོགས་སྐྱོར་དང་ལེན་ས་ཁུལ་གྱི་སྨན་དོན་མི་སྣར་གསོ་སྦྱོང་ཐེངས་600ལྷག་ཙམ་བྱས་པ། གསོ་སྦྱོང་མི་ཐེངས་ཁྲི་4ལྷག་ཙམ་ཟིན་པ། མི་རིགས་ཁག་གི་མང་ཚོགས་ཁྲི་3ལ་བདེ་ཐང་སློབ་གསོ་ཐེངས་600ལྷག་ཙམ་བརྒྱབ་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1300ལ་རིན་མེད་གཤག་བཅོས་བྱས་པ། སྐྱ་གྲིབ་ཕོག་པའི་ནད་པ་ཆིག་སྟོང་ལྷག་ཙམ་ལ་བསྐྱར་དུ་འོད་སྣང་སྦྱིན་པ་བཅས་བྱས་ཡོད། མིག་སྔར“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པས་སི་ཁྲོན་དང་། བོད། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་ལྔར་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་ཟིན་པ་དང་། དེ་ཉིད་བོད་རིགས་ས་ཁུལ་ཡོངས་སུ་བྱེད་སྒོ་སྤེལ་མྱོང་བའི་རྒྱལ་ནང་གི་སྤྱི་ཕན་རྣམ་གྲངས་འབའ་ཞིག་དེར་གྱུར་ཡོད།
         2008ལོ་ནས་བཟུང་། “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་གཙོ་བོར་བྱེད་པའི་དང་བླངས་པའི་དཔུང་ཁག་སྒྲིག་འཛུགས་བྱས་ནས་བསྟུད་མར་ལོ་བཅུའི་རིང་མཐའ་མཚམས་མི་རིགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དང་བླངས་ཞབས་ཞུ་སྤེལ་བ་དང་། དེའི་ནང་དོན་ལ་ཡུལ་ནད་བརྟག་ཞིབ་དང་། འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། གཅེས་སེམས་ཞལ་འདེབས། སྨན་བཅོས་གསོ་སྦྱོང་། བདེ་ཐང་འཆད་ཁྲིད། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་འདེམས་སྒྲུག་དང་རོགས་སྐྱོབ་སོགས་ཀྱི་ནང་དོན་ཚུད་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།