འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྒྱུར་བཅོས་དང་གསར་བསྒྱུར་གྱི་ལམ་བུ་གསལ་བར་བྱས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྒྱུར་བཅོས་དང་གསར་བསྒྱུར་གྱི་ལམ་བུ་གསལ་བར་བྱས།
         མི་དམངས་དྲ་བའི་འཕྲིན། “སྒྱུར་བཅོས་སྒོ་འབྱེད་དང་གསར་བསྒྱུར་སྒོ་འབྱེད་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ངོས་ནས་བརྗོད་ན། མར་ཁེ་སི་རིང་ལུགས་འདི་ཉིད་མདུན་སྐྱོད་ལམ་བུ་གསལ་བར་བྱེད་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། རྒྱུ་རྐྱེན། དཔལ་འབར་བཅས་སུ་མུ་མཐུད་བརྩི་རྒྱུ་སྨོས་མེད་ཡིན་པས། ངོ་ཚོས་ལོ་རྒྱུས་ཀྱི་འགྲན་སློང་ལས་རྒྱལ་བ་དང་རང་ངོས་ཀྱིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་ངོས་འཛིན་གསལ་པོ་ཡོང་བ་དང་། ནུས་ཤུགས་ཡོད་རྒུས་གསར་གཏོད་རང་བཞིན་ལྡན་པའི་བྱ་སྤྱོད་སྤེལ་བར་ཕྱོགས་སྟོན་མཁོ་འདོན་བྱས་ཡོད”ཅེས་ཝེ་ཐེ་ནམ་ཧུའུ་ཀྲེ་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་གཞོན་པ་རོན་གཡོད་ཚའོ་ཡིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཉིན་མོའི་སྔ་ནུབ་ཏུ་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་འདི་ལྟར་གསུངས་པ་རེད།
         རོན་གཡོད་ཚའོ་ཡིས་ལོ་མང་རིང་། ཝེ་ཐེ་ནམ་གྱི་ཏང་དང་མི་དམངས་ཀྱིས་ཀྲུང་གོའི་ཏང་དང་མི་དམངས་ཀྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་བྱ་གཞག་ལ་སྔ་བར་ཕྱི་གསུམ་དུ་དོ་ཁུར་བྱས་པས། དེའི་ནང་ནས་ལག་ལེན་དང་ཉམས་མྱོང་ཙམ་མ་ཟད། ད་དུང་ཀྲུང་གོ་གུང་ཁྲན་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ལ་འགོ་ཁྲིད་གནང་ནས་ཕྱོགས་སྡོམ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱང་ཤེས་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་བྱ་གཞག་ལ་དོན་སྙིང་ཆེན་པོ་ལྡན་རྒྱུ་མ་ཟད་ཝེ་ཐེ་ནམ་གྱི་གསར་བསྒྱུར་བྱ་གཞག་ཚུད་པའི་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ལའང་དོན་སྙིང་ཆེན་པོ་ལྡན་རྒྱུ་རེད་ཅེས་གསུངས།
          ཁོང་གིས་མར་ལེ་རིང་ལུགས་ཀྱིས་ཝེ་ཐེ་ནམ་གྱི་གསར་བརྗེ་དང་འཛུགས་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་རྒྱུས་ཐོག་མར་ལེ་རིང་ལུགས་ཀྱིས་ཝེ་ཐེ་ནམ་གྱི་གསར་བརྗེའི་ལམ་བུ་གསལ་བ་དང་། ཀྲུའུ་ཞི་ཧུའུ་ཀྲེ་མིང་སོགས་གསར་བརྗེ་པ་རྒན་གྲས་ཚོས་ཝེ་ཐེ་ནམ་གྱི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་གནང་བར་ལམ་ཕྱོགས་དང་བྱེད་ཕྱོགས་གསལ་འདོན་གནང་བ་དང་མཛུབ་ཁྲིད་གནང་ཡོད། དེ་དང་ཆབས་ཅིག་མར་ལེ་རིང་ལུགས་ནི་ཝེ་ཐེ་ནམ་གྱི་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་གསར་པའི་ལམ་ལུགས་བསྐྲུན་པའི་ཕྱོགས་སྟོན་ཞིག་ཀྱང་རེད། ཝེ་ཐེ་ནམ་གྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། གསར་བསྒྱུར། འཛམ་གླིང་དང་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ནང་རང་རྒྱལ་ཁབ་ཀྱི་ཞིབ་ཕྲའི་དོན་དངོས་ལ་གཞིགས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མར་ལེ་རིང་ལུགས་བཀོལ་སྤྱོད་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་གཏན་འཁེལ་གྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། ཕྱོགས་མང་ཅན་དང་སྣེ་མང་ཅན་གྱི་ཕྱི་ཕྱོགས་སྲིད་ཇུས་སོགས་ཀྱི་ཐབས་ལམ་གཏན་འཁེལ་བྱས་ཡོད་པ་རེད། ཝེ་ཐེ་ནམ་གྱི་གསར་བསྒྱུར་བྱ་གཞག་དང་དེའི་ལོ་རྒྱུས་ཀྱི་དོན་སྙིང་དང་། ཞིབ་ཕྲའི་ལག་ལེན། བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་ཀྱིས་འཛམ་གླིང་གི་གུང་ཁྲན་རིང་ལུགས་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།