འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་སྐྱོང་ལས་ཤག་གིས་ཤ་ཝུའེ་དབྱིའི་མེ་རི་དང་ས་ཡོམ་གྱི་ཉེན་ཆེའི་ས་ཁོངས་ནས་
    ཁ་བྲལ་དགོས་པའི་དྲན་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན། གྲོང་ཁྱེར་ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་བརྡ་ཁྱབ་བཏང་ནས། ཀྲུང་གོའི་སྤྱི་དམངས་མེ་རི་འབར་བ་དང་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཤ་ཝུའེ་དབྱིའི་ས་ཁོངས་ནས་ཁ་བྲལ་དགོས་པའི་དྲན་སྐུལ་བྱས་པ་རེད།
         བརྡ་ཁྱབ་ནང་གྲོང་ཁྱེར་ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོའི་སྤྱི་དམངས་ལ་མེ་རི་འབར་ཚུལ་ལ་དོ་སྣང་དང་ས་གནས་སྲིད་གཞུང་སྡེ་ཚན་གྱི་ཁྲིད་སྟོན་ལ་བརྩི་སྲུང་ཞུས་ཏེ་ཉེན་ཁ་ཆེ་བའི་ས་ཁོངས་སུ་སྐྱོད་པའི་གནས་ཚུལ་མ་ཐོན་པ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
         ཨ་རིའི་ས་གཤིས་རྩད་ཞིབ་ཅུས་ཀྱི་ས་ཡོམ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཤ་ཝུའེ་དབྱི་གླིང་ཚོམ་གྱི་གླིང་ཕྲན་ཆེ་ཤོས་ཏེ་པི་ཀེ་ཨའེ་ལན་གླིང་ཕྲན་དུ་ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་ཉིན་དགུང་ས་ཡོམ་རིམ་པ་6.9བརྒྱབ་པ་དང་འབར་བཞིན་པའི་ཅི་ལ་ཝུའེ་མེ་རིར་ཡོམ་ལྟེ་འཁེལ་ཡོད་པ་རེད། ས་གནས་དེའི་སྲིད་གཞུང་གིས་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཏེ་མཐའ་འཁོར་གྱི་གྲོང་མི་ཁ་བཀྲམ་པ་དང་མེ་རི་ཡོད་སའི་ཤ་ཝུའེ་དབྱིའི་མེ་རི་རྒྱལ་ཁབ་སྤྱི་གླིང་ཁག་གཅིག་སྒོ་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།