འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་རྒྱལ་ཡོངས་ཀྱི་གྲོང་ཚོ་ཡོངས་ལ་གློག་དྲ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་གར་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གློག་ཤུགས་པུའི་པུའུ་ཀྲང་ཤིན་ཀེས་ཉེ་ཆར་གཏམ་བཤད་སྤེལ་ནས་རྒྱ་གར་གྱི་རྒྱལ་ཡོངས་ཀྱི་གྲོང་ཚོ་ཡོངས་ལ་གློག་དྲ་ཁྱབ་ཡོད། སྲིད་གཞུང་གིས་2019ལོའི་ཟླ་3ཚེས་31ཉིན་གྱི་གོང་གྲོང་གསེབ་ས་ཁུལ་དུ་ཆུ་ཚོད་24རིང་གློག་རྒྱུན་མི་ཆད་པར་མཁོ་འདོན་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཉེ་ཆར་རྒྱ་གར་གྱི་ཙུང་ལི་མོ་ཏིས་རང་ཉིད་ཀྱི་ཐུའེ་ཐེ་དཔོད་ཕྲན་ཐོག་རྒྱ་གར་བྱང་ཤར་རྒྱུད་ཀྱི་ཐག་རིང་གྲོང་ཚོ་ཞིག་ཉེ་དུས་རྒྱ་གར་གྱི་གློག་དྲ་ཤར་གཏོང་ཐུབ་པའི་གྲོང་ཚོ་མཇུག་ཤོས་ལ་གྱུར་ཡོད། དེ་ནི་རྒྱ་གར་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལོ་རྒྱུས་རང་བཞིན་གྱི་ཉིན་གཅིག་ཏུ་གྱུར་རྒྱུ་རེད་ཅེས་བྲིས་ཡོད་པ་རེད།
         ན་ནིང་གི་ཟླ་8ཚེས་15ཉིན། མོ་ཏིས་རྒྱ་གར་གྱི་རང་བཙན་ཉིན་མོའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡུལ་དུ་གཏམ་བཤད་སྤེལ་ནས་གྲོང་གསེབ་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་གྱི་འགག་སྒྲོལ་དམག་འཐབ་ཀྱི་ལས་འགན་ཁྱབ་བསྒྲགས་བྱས་ཏེ་2018ལོའི་ཟླ་5ཚེས་11ཉིན་གྱི་གོང་དུ་རྒྱལ་ཡོངས་ཀྱི་གྲོང་ཚོ་ཚང་མར་གློག་ཤར་གཏོང་ཐུབ་པའི་དམིགས་ཚད་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         མ་གཞི་མིག་སྔར་རྒྱ་གར་གྱི་གྲོང་ཚོ་ཚང་མར་གློག་དྲ་སྦྲེལ་མཐུད་ཐུབ་ནའང་དམངས་ཚོགས་མི་རེ་ངོ་རེ་ཚང་མས་གློག་སྤྱོད་ཐུབ་པ་མཚོན་གྱི་མེད། དེའི་ཐད་རྒྱ་གར་སྲིད་གཞུང་གི་འགྲེལ་བཤད་ལ་གཞིགས་ན། གྲོང་ཚོ་ཞིག་ལ་གཞི་རྩའི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཡོད་པ་དང་། སློབ་གྲྭ་དང་། ས་གནས་སྲིད་གཞུང་། འཕྲོད་བསྟེན་ལྟེ་གནས། དུད་ཚང་10%བཅས་ཀྱིས་གློག་སྤྱོད་ཐུབ་ན་གློག་དྲ་འབྲེལ་མཐུད་ཐུབ་པར་བརྩི་ཡི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།