འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ཡིས་ཨ་རི་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་ཐོན་ཚེ་
    ཉིང་རྡུལ་ཁྱབ་འགྱེད་མི་འགྲོ་བའི་ལམ་སྲོལ་ལ་གནོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་04ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལོ་ཕུའུ་ཡིས་གལ་སྲིད་ཨ་རི་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་ཐོན་ན་ཉིང་རྡུལ་ཁྱབ་འགྱེད་མི་འགྲོ་བའི་ལམ་སྲོལ་ལ་གནོད་པ་ཡོད་ཅེས་བརྗོད།
         ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལཱ་ཕུའུ་ལོ་ཕུའུ་ཡིས་ཨུ་རུ་སུའི་སུའོ་ཆི་རུ་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་གནང་བ་རེད། ལཱ་ཕུའུ་ལོ་ཕུའུ་ཡིས་གྲོས་མོལ་གནང་རྗེས་ཐུན་མོང་ཐོག་གསར་འགོད་པར་ཐུག་འཕྲད་གནང་སྐབས་གསུངས་དོན། གལ་ཏེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཐེངས་མང་ཟེར་བ་བཞིན་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་ཐོན་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དེའི་རྐྱེན་པས་ཉིང་རྡུལ་ཁྱབ་འགྱེད་མི་འགྲོ་བའི་ལམ་སྲོལ་སྲུང་སྐྱོང་བྱེད་པར་ཕན་པའི་གལ་ཆེའི་ཡིག་ཆ་ཕན་མེད་པ་དུ་འགྲོ་བ་དང་། དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཞིབ་དཔྱད་བྱས་པ་ཡིན་པས། འབྲེལ་ཡོད་ཕྱོགས་ཚང་མས་ངེས་པར་དུ་སྲུང་བརྩི་ནན་པོ་ཞུ་དགོས་པ་ཡིན་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།