འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་བྱེད་པའི་མི་དོན་ཡིག་ཚགས་ཆེད་དོན་ཞིབ་བཤེར་གྱི“ཕྱིར་མིག་ལྟ་
    བ”དང་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱིས་ཞིང་ཆེན་གཞན་གྱི་སྔོན་དུ་ཞིང་ཆེན་ཡོངས་སུ་ལས་བྱེད་པའི་མི་དོན་ཡིག་ཚགས་ཆེད་དོན་ཞིབ་བཤེར་གྱི“ཕྱིར་མིག་ལྟ་བ”དང་དེ་བཞིན་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར། ཆུས)གི་ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཏེ་ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་གྱི་སྒམ་ནན་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ལ་སྲུང་སྐྱོང་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཀྱི་མི་དོན་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་ཡིག་ཚགས་དོ་དམ་མི་སྣ་རུབ་རུབ་བཟོས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་སྲུང་སྐྱོང་དང་། མི་འདེམས་མི་སྤྱོད་ཀྱི་ཡང་དག་སྟོན་ཕྱོགས་སྲུང་སྐྱོང་། ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་དབང་གྲགས་རང་བཞིན་སྲུང་སྐྱོང་བཅས་ཕྱོགས་གསུམ་གྱི་ཐད་ནས་ཆེད་དོན་ཞིབ་བཤེར་གྱི“ཕྱིར་མིག་ལྟ་བ”དང་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་དགོས་ངེས་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ཆེན་གྱི་མི་སྤྱི་དང་། སློབ་གསོ། སྤྱི་བདེ། གཞུང་ལས་པ་དོ་དམ་སོགས་སྡེ་ཚན་གྱི་ལས་སྒོའི་རྐང་འཛིན་པ་གདན་ཞུ་བྱས་ཏེ་ལས་བྱེད་པའི་ཡིག་ཚགས་དོ་དམ་ནན་པོ་དང་། ཞིབ་བཤེར། སློབ་རྒྱུས་སློབ་གནས་ངོས་འཛིན། ཐེམ་ཐོའི་ཆ་འཕྲིན་བརྟག་ཞིབ་ངོས་འཛིན། ལས་བྱེད(གཞུང་ལས་པ)དང་བྱ་གཞག་ཚན་པའི་མི་སྣའི་ཐོབ་ཐང་ངོས་འཛིན། ལས་བྱེད་པའི་མི་དོན་ཡིག་ཚགས་རྫུན་བཟོའི་གནད་དོན་ཐག་གཅོད་སོགས་ནང་དོན་ཐད་ཆེད་དོན་གསོ་སྦྱོང་བྱས་ནས་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ཐད་འཕྲད་པའི་དཀའ་གནད་དང་ཡིག་ཚགས་རྫུན་བཟོ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་ཆེད་ལས་དོན་མཛུབ་ཁྲིད་དང་ཐབས་ཤེས་མཁོ་འདོན་བྱས་པ་རེད།
         དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ལག་བསྟར་ཇུས་གཞི་ཆེད་མངགས་ཞིབ་འཇུག་བྱས་ནས་བཟོས་པ་དང་། ལས་དོན་སྤེལ་ཡུལ་ཞིབ་ཕྲའི་ངང་དབྱེ་བ། ལས་ཀའི་ནང་དོན་དང་དུས་ཚོད་བཀོད་སྒྲིག་ཁ་གསལ་བྱས་པ། ལས་གཉེར་བྱེད་ཐབས་དང་ལག་བསྟར་གོ་རིམ་ཞིབ་ཚགས་སུ་བཏང་བ་དང་ཆབས་ཅིག ཞིབ་ཕྲའི་ལས་དོན་ཐད་བླང་བྱ་བཏོན་ནས་ལག་བསྟར་ཇུས་གཞིའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། སྒྲིག་བཤེར་གྱི་ཞིབ་བཤེར་དང་། མི་སྤྱི། སློབ་གསོ། སྤྱི་བདེ་སོགས་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་ཁོངས་མི་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་མཐུན་སྦྱོར་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་འགན་ཞིབ་ཕྲ་འཁུར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་ཞིབ་བཤེར་གྱི“ཕྱིར་མིག་ལྟ་བ”དང་ཡིག་ཚགས་རྫུན་བཟོར་ཆེད་དོན་བཅོས་སྒྲིག་ལས་དོན་ཁྲོད་ཡིག་ཚགས་རྫུན་བཟོ་བྱས་པ་ཞིབ་བཤེར་ཐུབ་ཚེ་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཚད་གཞི་གཅིག་གྱུར་དང་འདྲ་མཉམ་དྲང་གཞག་གི་རྩ་དོན་གཞིར་བཟུང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་གཅིག་སྡུད་ཐོག་ཞིབ་འཇུག་བྱས་ཏེ་ཡིག་ཚགས་རྫུན་བཟོའི་ནང་ཞུགས་མཁན་དོ་བདག་དང་། འགན་འཁུར་མི་སྣ། ཐད་ཀའི་འགན་འཁྲིའི་མི་སྣ་བཅས་ལ་ཐག་གཅོད་བྱ་རྒྱུའི་བསམ་འཆར་བཏོན་ནས་རྫུན་བཟོའི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་སྟེ་ཟིལ་གནོན་ནུས་པ་ཐོན་པ་བྱས་ཐོག་ཡིག་ཚགས་རྫུན་བཟོའི་སྤྱོད་ཚུལ་ངན་པ་ཏན་ཏིག་ངང་འགོག་ཐུབ་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།