འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་གྲོང་གསེབ་པུས་རང་རྒྱལ་གྱི་གྲོང་གསེབ་ས་ཁུལ་གྱི་དྲ་ཕྱིའི་འཛད་སྤྱོད་ཁྲོད་ལག་
    ཐོགས་ཁ་པར་བརྒྱུད་དེ་གཏོང་སྤྲོད་བྱེད་ཚད་47.1%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
             མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་འཚོགས་འགོ་ཚུགས་པའི་སྐབས་དང་པོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་ཐོག ཞིང་ལས་གྲོང་གསེབ་པུས་《ཞིང་ལས་གྲོང་གསེབ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་མདུན་ལམ་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་》བཏོན་པའི་ནང་གི་འབྲེལ་ཡོད་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་རྒྱལ་གྲོང་གསེབ་ས་ཁུལ་གྱི་དྲ་དམངས་ཚོས་དྲ་ཕྱིའི་འཛད་སྤྱོད་ཁྲོད་ལག་ཐོགས་ཁ་པར་བརྒྱུད་དེ་དྲ་ཐོག་གཏོང་སྤྲོད་བྱེད་པའི་བསྡུར་ཚད་47.1%བར་འཕར་ཡོད་པ་རེད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོའི་ལོ་མཇུག་ཏུ་རང་རྒྱལ་དྲ་དམངས་ཁྲོད་ཀྱི་གྲོང་གསེབ་དྲ་དམངས་ཀྱི་བསྡུར་ཚད་27%ཟིན་ནས། གྲོང་གསེབ་དྲ་དམངས་དུང་ཕྱུར་2.09དང་གྲོང་གསེབ་ཏུ་དྲ་སྦྲེལ་ཁྱབ་གདལ་ཕྱིན་ཚད་35.4%ཟིན་ཡོད་པ་རེད།
         ཞིང་ལས་གྲོང་གསེབ་པུའུ་ཁྲོམ་ར་དང་དཔལ་འབྱོར་ཆ་འཕྲིན་སིའི་སི་ཀྲང་ཐང་ཁོས་ངོ་སྤྲོད་བྱས་པར་གཞིགས་ན།
         སྒུལ་བདེའི་དྲ་སྦྲེལ་དང་། ཟོག་འགྲེམས་དྲ་སྦྲེལ། གྲངས་གཞི་ཆེ་མོ། རིག་ནུས་ཐབས་ཇུས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་མང་པོ་ཞིང་ལས་ཐོན་སྐྱེད་ཁྲོད་མགྱོགས་མྱུར་བེད་སྤྱོད་བཏང་བ་དང་བསྟུན་ནས། ཞིང་ལས་ཐོན་སྐྱེད་ཐད་གནད་སྨིན་ཅན་དང་། གྲངས་གཞི་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་མངོན་འགྱུར་བྱུང་སྟེ་དྲ་ཐོག་ཞིང་ལས་རིམ་གྱིས་ཆགས་བཞིན་ཡོད་པ་རེད། ཞིང་ལས་གྲོང་གསེབ་པུས་གྲོང་ཚོ་དང་དུད་ཚང་དུ་ཆ་འཕྲིན་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ནས་ལོ་ལྔ་ཕྱིན་པའི་སྐབས་འདིར། རང་རྒྱལ་གྱིས་ཞིང་ཕན་ཆ་འཕྲིན་ཁང་ཁྲི་16.9བསྐྲུན་ནས་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་167ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།