འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་ཧེ་བག་ཅན་གྱི་ཤེས་ལྡན་མི་སྣའི་འགྲན་རྩོད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་
    བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། ཟི་ལིང་གྲོང་ཁྱེར་གྱིས་ཧེ་བག་ཅན་གྱི་ཤེས་ལྡན་མི་སྣའི་འགྲན་རྩོད་ལ་ལྕག་སྐུལ་བྱས་ནས། ཤེས་ལྡན་མི་སྣ་རྩེ་གྲ་དང་དགོས་གལ་ཤིན་ཏུ་ཆེ་བའི་ཤེས་ལྡན་མི་སྣ་གདན་དྲངས་བའི་ཐབས་ལམ་འཚོལ་ཞིབ་བྱེད་མགྱོགས་སུ་བཏང་སྟེ་འགོ་འཛུགས་ས་གསར་པའི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་མགྱོགས་མྱུར་གཏོད་པ་དང་བདེ་སྐྱིད་ལྡན་པའི་ཟི་ལིང་བསྐྲུན་ཆེད། ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ཁྱོན་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་13དང་གྲོང་ཁྱེར་ཕྱིའི་གནས་སྦྱར་ལས་བྱེད་པའི་ཤེས་ལྡན་མི་སྣ་96 ཆིང་ཧྭ་དང་པེ་ཅིང་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་40བཅས་ཟི་ལིང་དུ་ལས་ཀ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།