འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་སྤྱིའི་རི་མཐོའི་རྐང་ཐང་འགྲན་བསྡུར་ཆེན་མོ་འགོ་ཚུགས་པ་ལས་བོད་
    རིགས་འགྲན་ཞུགས་པ་འཇམ་དབྱངས་རིན་ཆེན་ལ་ཨང་གཉིས་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན། 2018ལོའི་རྒྱལ་སྤྱིའི་རི་མཐོ་རྐང་ཐང་འགྲན་བསྡུར་ཆེན་མོ་སྟེ་གོ་ལ་ཧྲིལ་པོའི་ཕྱི་ཁོངས་ཀྲུང་གོ་བའི་མ་ལ་སུང་རྒྱང་རྒྱུག དབྱང་ཁྲུན་བབས་ཚིགས་ཏེ་ཧྥུ་ཅན་ཞིང་ཆེན་དབྱང་ཁྲུན་རྫོང་ཁྲེན་ཞང་ཤང་ནས་འགོ་ཚུགས་པ་རེད། མཐར་མཇུག་ཏུ། ཨའེ་སེ་ཨུ་པེ་ཡའི་འགྲན་ཞུགས་པ་པི་སའོ་ཡ་(BISOMA YOHANIS NEGASA)ཡི་མཇུག་འབྲས་སྐར་མ་49དང་སྐར་ཆར་49དང་། པེ་ལི་ཧྲ་(BEKLISA ZURIASHWORK)ཡི་མཇུག་འབྲས་སྐར་མ་61དང་སྐར་ཆར་40ཡིན་པ་ལས། ཁོང་གཉིས་ཀྱིས་སྐྱེས་པ་དང་བུད་མེད་ཚོགས་ཆུང་ཁག་སོ་སོ་ནས་ཨང་དང་པོ་བླངས་པ་མ་ཟད། ཕྱོགས་གཉིས་ཀའི་དེ་སྔོན་གྱི་ཟིན་ཐོ་ལས་བརྒལ་ཡོད་པ་རེད།
        ཐེངས་འདིའི་འགྲན་བསྡུར་ལ་ཨ་རི་དང་དབྱིན་ཇི། འཇའ་མན། པར་ཙིར། ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་ནས་ཡོངས་བའི་ལུས་རྩལ་པ་2000ལྷག་ཞུགས་ཡོད་པ་དང་། 
         མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་འགྲན་ཞུགས་པ་འཇམ་དབྱངས་རིན་ཆེན་ནི་ཐེངས་གཉིས་འགྲན་བསྡུར་ལ་ཞུགས་པ་དང་། ད་ལོའི་འགྲན་བསྡུར་ལས་ཨང་གཉིས་པ་བླངས་ཡོད་པ་རེད། ཁོང་གིས་ཨང་དང་པོ་ཐོབ་མོད་ཀྱང་། ད་ལོའི་མཇུག་འབྲས་ནི་ན་ནིང་ལོ་ལས་སྐར་མ་གཅིག་ལྷག་གིས་མགྱོགས་པས། ང་རང་ཡིད་རང་སོང་ཞེས་བཤད།
         འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བའི་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་4པ་ནས་ད་ལྟའི་བར་དུ། ཆན་ཀྲོའུ་གྲོང་ཁྱེར་གྱི་སྐབས་དང་པོའི་རི་མཐོ་འགྲན་བསྡུར་ཆེན་མོ་དང་། ཆན་ཀྲོའུ་སྟོན་དུས་ཀྱི་རི་མཐོ་རྐང་ཐང་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་རི་མཐོ་རྐང་ཐང་འགྲན་བསྡུར་ཆེན་མོ། མཚོ་འགག་ངོགས་གཉིས་ཀྱི་རི་མཐོ་རྐང་ཐང་འགྲན་བསྡུར་ཆེན་མོ་བཅས་རི་མཐོར་རྐང་ཐང་འགྲན་བསྡུར་ཐེངས་བཞིར་སྤེལ་ཡོད་པས། ཐད་ཀར་དུ་ས་གནས་དེ་གའི་ཤང་གྲོང་གི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།