འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཚོ་གཏིང་གསེར་གཏེར་ཐོག་མ་དེར་སྣོད་བཅུད་དང་རིག་ནུས་ཅན་གྱི་སྒྱུར་བཀོད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧྲན་ཏུང་གསེར་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཧྲན་ཏུང་གསེར་ཚོགས་པས་མ་འཇོག་སྒོར་དུང་ཕྱུར་5བཏང་སྟེ་ལོ་2ནས་3བར་གྱི་དུས་ཚོད་སྤྱད་དེ་ཀྲུང་གོའི་མཚོ་གཏིང་གི་གསེར་གཏེར་ཐོག་མ་སྟེ། ཧྲན་ཏུང་གསེར་ཚོགས་པ་སན་ཧྲན་གླིང་ཕྲན་གྱི་གསེར་གཏེར་ལ་སྒྱུར་བཀོད་རིམ་སྤོར་བྱས་ནས“ལྗང་མདོག་སྣོད་བཅུད་དང་། ངོ་བོ་བདེ་འཇགས། རིག་ནུས་སྔོན་ཐོན། ཕན་འབྲས་ལེགས་ཤོས”བཅས་ཀྱི་རྒྱལ་སྤྱིའི་རྩེར་སོན་དང་ཚད་ལྡན་གྱི་གཏེར་རིའི་ཚད་གཞིར་སླེབས་པ་བྱ་རྒྱུ་རེད།
         ཧྲན་ཏུང་གསེར་ཚོགས་པའི་ཏུང་ཧྲི་ཀྲང་ཁྲེན་ཡུས་མིན་གྱིས་ངོ་སྤྲོད་བྱས་པར། སན་ཧྲན་གླིང་ཕྲན་གྱི་གསེར་གཏེར་ལ་གཏེར་རི་ཆ་འཕྲིན་ཅན་དང་། གྲངས་གཞི་ཅན། རང་འགུལ་ཅན་སོགས་འཛུགས་སྐྲུན་ཐད་ལ་རྨང་གཞི་ངེས་ཅན་ཞིག་ལྡན་པ་དང་། དེར་འགོ་འཛུགས་ས་དང་ཚད་གཞི་མཐོ་པོས་གསར་སྤེལ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཆ་རྐྱེན་ལྡན་ཡོད། དེ་ཉིད་སྒྱུར་བཀོད་རིམ་སྤོར་བྱས་ནས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ཚན་རྩལ་ཡར་ཐོན། བདེ་འཇགས་ཁོར་ཡུག་སྲུང་སྐྱོང་། ལྗང་མདོག་འཕེལ་རྒྱས་སོགས་ཐད་འཛུགས་སྐྲུན་ཉམས་མྱོང་དང་ཞིབ་ཕྲའི་ཚད་གཞི་གསོག་འཇོག་བྱས་ནས་གསེར་གཏེར་གྱི་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཐབས་ལམ་དང་དཔྱད་གཞི་མཁོ་འདོན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།