འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཡོམ་རྗེས་ཀྱི་ལོ་8ནང་ལ་ཡུལ་ཤུལ་གྱི་སྨན་དཔྱད་འཕྲོད་བསྟེན་ལ་མཐོ་བརྒལ་རྣམ་པའི་
    འཕེལ་རྒྱས་བྱུང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ས་ཡོམ་རྗེས་ཀྱི་ལོ་8ནང་ལ་ཡུལ་ཤུལ་གྱི་སྨན་དཔྱད་འཕྲོད་བསྟེན་ལ་མཐོ་བརྒལ་རྣམ་པའི་
འཕེལ་རྒྱས་བྱུང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ལོ་བརྒྱད་ཀྱི་སྔོན་ལ། མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདི་ལ་རྨ་ཁ་ཡིས་ཁེངས་ཡོད་པ་སྟེ། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་གཞན་དག་ནས་རོགས་སྐྱོར་གནང་། ལོ་བརྒྱད་ཀྱི་རིང་ལ། ཡུལ་ཤུལ་གྱི་སྨན་དཔྱད་འཕྲོད་བསྟེན་ཆུ་ཚད་ལ་མཐོ་བརྒལ་རྣམ་པའི་འཕེལ་རྒྱས་བྱུང་བ་རེད།
         འཇོན་ཐང་ཅན་དཀོན་པའི་དཀའ་ངལ་སེལ་ཆེད། 2016ལོའི་ཟླ་8པར། རེ་སྐོར་གསར་བའི་པེ་ཅིང་གི་རོགས་སྐྱོར་ཚོགས་པ་ཡིས་ཡུལ་ཤུལ་ཁུལ་སྨན་ཁང་ཚོད་ལྟ་བྱེད་གནས་སུ་བདམས་ཏེ་རོགས་སྐྱོར་འཛུགས་སྐྲུན་གྱི་ལས་ཀ་གཙོ་བོ་ནི་སྔོན་ཆད་ཀྱི་སྨན་དཔྱད་ལག་རྩལ་གཏོང་བ་ནས་སྨན་ཁང་གི་སྡེ་ཁག་བཅོས་སྒྱུར་གྱི་ཕྱོགས་སུ་བསྒྱུར་བ་ལས། རྩ་བའི་ཐོག་ནས་སྨན་ཁང་དེ་གའི་འཁོར་སྐྱོད་དང་དོ་དམ་སོགས་ཀྱི་ཕྱོགས་ཀྱི་མི་འདང་ས་ཁ་སྐོང་བྱས་ཏེ་སྤྱད་མེད་ཉར་གསོག་གི་སྨན་དཔྱད་ཡོ་བྱད་དག་བཀོལ་སྤྱོད་བྱ་འགོ་ཚུགས་པ་ལས། སྨན་ཁང་གི་ནད་པ་མང་དུ་གྱུར་པ་དང་། སྨན་པ་དང་ནད་གཡོག་རུ་དཔུང་གི་ལས་ཀ་ཡང་རྣམ་པ་གསར་བ་ཞིག་ཏུ་བརྗེས་ཡོད་པ་རེད། 
    ༄༅།།ས་ཡོམ་རྗེས་ཀྱི་ལོ་8ནང་ལ་ཡུལ་ཤུལ་གྱི་སྨན་དཔྱད་འཕྲོད་བསྟེན་ལ་མཐོ་བརྒལ་རྣམ་པའི་
འཕེལ་རྒྱས་བྱུང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།