འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭར་
    དྲིལ་བསྒྲགས་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭར་དྲིལ་བསྒྲགས་ཀྱི་བྱེད་སྒོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མས་དོ་ཁུར་བྱེད་པའི་ལས་ཞུགས་ལས་གཏོད་སྲིད་ཇུས་དང་། ལས་ཞུགས་དུས་བབ། ལས་ཞུགས་འདུ་ཤེས་སོགས་ཀྱི་གནད་དོན་ལ་ལན་བརྒྱབ་པ་རེད།
         བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་གསལ། རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་མང་དུ་བཏང་བའི་དབང་གིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་གྲངས་འབོར་2011ལོའི་མི་12400ནས་2018ལོའི་མི་21000ཙམ་བར་མང་དུ་སོང་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དུས་བབ་ཀྱང་འགྱུར་ལྡོག་ཆེན་པོ་བྱུང་ནས་གཞུང་དོན་ལས་གནས་ཐོག་ལས་ཞུགས་ཐུབ་པའི་མི་གྲངས་2013ལོ་ནས་བཟུང་ལོ་རེ་བཞིན་ཆག་པ་དེའི་ནང་2013ལོ་དང་བསྡུར་ཚེ་2017ལོར་38%ཉུང་དུ་སོང་ཡོད། ཁྲོམ་རར་ལས་ཞུགས་ཐུབ་པའི་མི་གྲངས་2015ལོ་ནས་བཟུང་ལོ་རེ་བཞིན་འཕར་བ་དེའི་ནང་2015ལོ་དང་བསྡུར་ཚེ་2017ལོར་270%འཕར་ཡོད།
         ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོས་སློབ་ཐོན་སློབ་མ་200ལྷག་ཙམ་ས་གནས་ས་ཐོག་ཏུ་སྤེལ་རེས་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་སྒྲོག་འགྲེལ་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ་འདི་ལོའི་ལོ་སྟོད་གོང་བོད་ཀྱི་མཐོ་སློབ་ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།