འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་མཚོན་པར་གཞི་《ངའི་བོད་ཀྱི་ལོ་གསར་》ཞེས་པར་ཉིའུ་གཡོད་རྒྱལ་སྤྱིའི་བརྙན་
    འཕྲིན་གློག་བརྙན་དུས་ཆེན་ཐོག་འཛམ་གླིང་དངུལ་གྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས(དེ་སྔོན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དབྱིན་སྐད་བརྙན་ལམ)དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བོད་ཀྱི་གསར་འགོད་པའི་ས་ཚིགས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་མཉམ་ལས་དང་པར་ལེན་བྱས་པའི་དངོས་མཚོན་པར་གཞི་《ངའི་བོད་ཀྱི་ལོ་གསར་》ཞེས་པ་སྐབས་23པའི་ཀྲུང་གོའི་དངོས་མཚོན་པར་གཞི་རྩེ་གྲྭ་བཅུའི་གྲས་སུ་བདམས་པ་དང་ཆབས་ཅིག་ཉིའུ་གཡོད་རྒྱལ་སྤྱིའི་བརྙན་འཕྲིན་གློག་བརྙན་དུས་ཆེན་ཐོག་འཛམ་གླིང་དངུལ་གྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད།
         དངོས་མཚོན་པར་གཞི་དེའི་ནང་སྤྱི་ཕན་གྱི་བྱིས་པ་ལོང་བའི་བུ་བཅོལ་ཁང་འཛུགས་མཁན་བོད་རིགས་བུ་མོ་ལོང་བ་ཞིག་གི་གཏམ་རྒྱུད་བརྗོད་ཡོད་པ་དེར་ཁྱོན་སྐར་མ་60དང་། སྐར་མ་30 སྐར་མ་10བཅས་ཀྱི་པར་གཞི་ཁག་3ཡོད། པར་གཞི་ཧྲིལ་པོར་འགྲེལ་བཤད་གང་ཡང་མེད་པ་དང་། ཉིན་ལྟར་ལོང་བའི་ཡི་གེ་འབྲི་སའི་ཤོག་བུ་འདྲ་མིན་ཐོག་གི་དུས་ཚོད་དང་། ཁ་བྱང་། ཉིན་རེའི་ངོ་སྤྲོད་མདོར་བསྡུས་བཅས་ནས་འགོ་བཙུགས་ཏེ་དོན་སྙིང་ཟབ་མོ་ལྡན་པའི་གཟུགས་བརྙན་དང་མི་སྣ་ཕན་ཚུན་དབར་རང་བཞིན་དུ་བརྗོད་པའི་སྐད་ཆ་ལས་བུ་མོ་ལོང་བ་སྐྱིད་ལགས་ཀྱིས་བོད་ཀྱི་ལོ་གསར་གཏོང་ཚུལ་མངོན་པར་བྱས་ཡོད། དབྱིན་བོད་རྒྱ་གསུམ་གྱི་སྐད་རིགས་ཤོད་ཤེས་མཁན་གྱི་སྙིང་སྟོབས་ཆེ་བའི་བུ་མོ་ལོང་བ་ཞིག་གིས་བྱིས་པ་ལོང་བའི་བུ་བཅོལ་ཁང་བཙུགས་པ་དང་དེ་སྐྱོང་བའི་ཐད་འཚོ་བ་དངོས་ནང་འཕྲད་པའི་དཀའ་ངལ་མི་ཉུང་བ་ཞིག་ཇི་མ་ཇི་བཞིན་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།