འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་དམིགས་བསལ་གློག་ཆེན་གློག་སྐྱེལ་ལམ་ཐིག་དང་པོ་འབྲི་ཆུའི་རང་བྱུང་
    འོབས་ཆེན་ཐོག་གྲུབ་འབྲས་ཐོབ་པའི་ངང་འཕྲེད་བརྒལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ཝུའུ་ཝེ་རྫོང་ཀའོ་ཀོའུ་གྲོང་རྡལ་ཆུན་དབྱིང་གྲོང་ཚོར་ཨན་ཧུའེ་གློག་སྐྱེལ་གློག་འགྱུར་ལས་གྲྭ་ཚད་ཡོད་ཀུང་སིའི་ལས་མིས་མཐོ་ཚད་སྨི་210ཡོད་པའི་བར་སྣང་དུ་དམིགས་བསལ་གློག་ཆེན་གྱི་འཕྲེད་བརྒལ་མཐོ་ལྕོག་འདྲེན་སྐུད་ལྷུ་ལག་སྒྲིག་སྦྱོར་བྱས་པ་རེད།
         དེ་ཉིན་ཤིན་ཅང་ཁྲང་ཅི་ནས་ཨན་ཧུའེ་ཀུའུ་ཆོན་ཡི་ཆན་ཧྥུའུ་±1100ཡི་དམིགས་བསལ་གློག་ཆེན་ཐད་རྒྱུག་གློག་གཏོང་ལམ་ཐིག་ལས་གྲྭའི་འབྲི་ཆུ་འཕྲེད་བརྒལ་ལམ་ཐིག་ཆ་ཚང་ཤར་གཏོང་ཐུབ་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། འབྲི་ཆུའི་འཕྲེད་བརྒལ་གྱི་ལས་གྲྭ་ཆེན་པོ་དེ་ལམ་ཐིག་ཧྲིལ་པོའི་མཚམས་ཚིག་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ངོས་ནས། འཕྲེད་བརྒལ་གཙོ་བོའི་མཐོ་ལྕོག་གི་མཐོ་ཚད་སྨི་225.2ཡོད་པ་དང་། རྩིག་རྨང་རྐྱང་པའི་མཐོ་ལྕོག་གི་ལྗིད་ཚད་ཏུན་1259 འབྲི་ཆུ་སྨི་1790འཕྲེད་བརྒལ་བཅས་བྱས་པས་མཐོ་ལྕོག་གི་མཐོ་ཚད་དང་། ལྗིད་ཚད། འཕྲེད་བརྒལ་གྱི་བར་ཐག་བཅས་ཚང་མ་ལམ་ཐིག་ཧྲིལ་པོའི་མཐོ་ཤོས་ཡིན་པ་རེད། “ཁྲང་ཅི་ནས་ཀུའུ་ཆོན་བར”གྱི་ལས་གྲྭ་ནི་མིག་སྔར་འཛམ་གླིང་ཐོག་གི་གློག་གནོན་རིམ་པ་མཐོ་ཤོས་དང་། སྐྱེལ་འདྲེན་ཤོངས་ཚད་ཆེ་ཤོས། སྐྱེལ་འདྲེན་བར་ཐག་རིང་ཤོས། ལག་རྩལ་ཆུ་ཚད་ཆེས་སྔོན་ཐོན་བཅས་ཀྱི་དམིགས་བསལ་གློག་ཆེན་གློག་སྐྱེལ་ལས་གྲྭ་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་དོན་འཁྱོལ་དང་། “ཤིན་གློག་ཕྱི་སྐྱེལ”གྱི་དམིགས་བསལ་གློག་ཆེན་གློག་སྐྱེལ་ལས་གྲྭ་གཉིས་པ་དེའང་ཡིན་ཞིང་། ལམ་བར་ཤིན་ཅང་དང་། ཀན་སུའུ། ཉིང་ཞ། ཧྲའན་ཤིས། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་6བརྒྱུད་དགོས་པ་དང་། ལམ་ཐིག་ཆ་ཚང་ལ་སྟོང་སྨི་3324ཙམ་ཟིན་པ་དེ་སྔོན་དཔག་བྱས་ན་2018ལོའི་ནང་སྐྲུན་ཟིན་ནས་འཁོར་རྒྱུག་བྱ་རྒྱུ་ཡིན་པས་སྐབས་དེ་དང་བསྟུན་ནས་ལོ་ལྟར་ཀྲུང་ཧྭ་ཡི་ཤར་རྒྱུད་ས་ཁུལ་དུ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་660སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ནུས་ཚད་ཚང་མ་འདོན་སྤེལ་ཐུབ་ཚེ། ཝ་30ཡོད་པའི་གློག་སྒྲོན་དུང་ཕྱུར་4སྤོར་ཐུབ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།