འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྭ་ཝེའི་5Gཐོན་རྫས་ལ་གོ་ལ་ཧྲིལ་པོའི“ཡོ་རོབ་མནའ་འབྲེལ་གྱི་ལག་ཁྱེར”དང་པོ་
    དེ་རག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་ཧྭ་ཝེ་ཡིས་ཧྲེན་ཀྲེན་དུ་ཀུང་སི་དེས་འདི་ལོའི་གོ་ལ་ཧྲིལ་པོའི་ཚོང་སྤྱོད་ཀྱི་5GNR(རབས་ལྔ་པའི་འགུལ་སྐྱོད་འཕྲིན་གཏོང་སྐུད་མེད་འབྲེལ་མཐུད་ལག་རྩལ་གསར་པ། གཤམ་དུ་5Gཞེས་བསྡུ་རྒྱུ)ཐོན་རྫས་ལ་གོ་ལ་ཧྲིལ་པོའི་5Gཐོན་རྫས་ཡོ་རོབ་སྐུད་མེད་སྒྲིག་ཆས་བཀའ་སྐུལ་དབྱིབས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད(CE-TEC)ལག་ཁྱེར་དང་པོ་དེ་རག་ཚུལ་ཡོངས་བསྒྲགས་བྱས་པ་ལས་ཧྭ་ཝེ་5Gཐོན་རྫས་ལ་ཁྲོམ་རའི་ཚོང་སྤྱོད་ཆོག་འཐུས་དངོས་སུ་ཐོབ་ནས་གཞི་ཁྱོན་ལྡན་པའི་ཚོང་སྤྱོད་ཕྱོགས་སུ་འགག་རྩའི་གོམ་པ་སྤོས་པ་མཚོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།