འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་ཇ་བཏབ་ནས་ཕྱུག་པོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མེ་ཏོག་རྫོང་ཉིད་ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་ཚ་དྲོད་སྙོམས་པའི་བརླན་བཤེར་ས་ཁུལ་དུ་ཆགས་པ་དང་། དུས་བཞི་སྔོན་པོར་གནས་ཤིང་ཆར་ཆུ་འབེལ་བས་ཇ་འདེབས་རྒྱུར་འཚམ་པོ་ཡོད། ཉེ་ཆར་མེ་ཏོག་རྫོང་གིས་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་འདེབས་རྭ་བ་25བསྐྲུན་ནས“ཞིང་པས་ཇ་འདེབས་པ་དང་ཀུང་སིས་ཇ་བསྡུ་བའི”བྱ་ཐབས་སྤྱད་ནས་དེ་གའི་ཇ་འདེབས་ཞིང་པར་ཡོང་འབབ་སྒོར་ཁྲི་180ཙམ་བྱུང་བས་ཇ་འདེབས་རྒྱུ་ནི་ས་གནས་དེ་གའི་ཇ་འདེབས་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།