འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོར་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་བརྟན་པོའི་ངང་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ངོ་སྤྲོད་བྱས་པར། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་བརྟན་པོའི་ངང་འཕར་བ་དང་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་14340གསར་དུ་བཙུགས་པ་དེ་དུས་མཚུངས་ལས་124.7%འཕར་བ་དང་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་2275.4ཟིན་པ་དེ་དུས་མཚུངས་ལས་0.5%འཕར་བ་དང་དེ་ཨ་སྒོར་དུ་ཕབ་ན་དུས་མཚུངས་ལས་2.1%འཕར་ཡོད།
         ཟླ་གསུམ་པ་ཁོ་ནར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་5492མང་དུ་ཕྱིན་པ་དེ་དུས་མཚུངས་ལས་117.7%འཕར་བ་དང་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་881.4ཟིན་པ་དེ་དུས་མཚུངས་ལས་0.4%འཕར་བ་དང་དེ་ཨ་སྒོར་དུ་ཕབ་ན་དུས་མཚུངས་ལས་2.6%འཕར་ཡོད།
         ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་འཕར་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཅིང་། ལག་རྩལ་མཐོ་བའི་ཐོན་ལས་ལ་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་དུས་མཚུངས་ལས་12.8%འཕར་བ་དེས་བསྡུར་ཚད་19.3%བཟུང་ཡོད།
         ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་224.9ཟིན་པ་དེ་དུས་མཚུངས་ལས་66%འཕར་བའི་ནང་སྨན་རྫས་ཞིབ་བཟོ་ལས་རིགས་དང་། གློག་རྡུལ་དང་དེ་བཞིན་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས། རྩིས་འཁོར་དང་གཞུང་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་དུས་མཚུངས་ལས་54.8%དང་། 39.4% 35.2%བཅས་སོ་སོར་འཕར་ཡོད། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་214.7ཟིན་པའི་ནང་ཞིབ་སྤེལ་དང་ཇུས་འགོད་ཞབས་ཞུའི་ལས་རིགས་དུས་མཚུངས་ལས་25.6%འཕར་ཡོད།
         དབུས་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་། དབུས་རྒྱུད་ས་ཁུལ་གྱི་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་170.8ཟིན་པ་དེ་དུས་མཚུངས་ལས་46.7%འཕར་བ་དང་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་མ་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་151.8ཟིན་པ་དེ་དུས་མཚུངས་ལས་23.4%འཕར་ཡོད།
         མ་འཇོག་གི་ཡོང་ཁུངས་གཙོ་བོའི་ཁྲོད། སིང་ཀ་ཕོར་དང་། ཧན་གོ རི་པིན། ཨའོ་མོན་ས་ཁུལ། དབྱིན་ཇི། ཧྥ་རན་སེ་སོགས་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་གསུམ་པའི་བར་མ་འཇོག་གི་ཡོང་ཁུངས་གཙོ་བོའི་ཁྲོད། སིང་ཀ་ཕོར་དང་། ཧན་གོ རི་པིན། ཨའོ་མོན་ས་ཁུལ། དབྱིན་ཇི། ཧྥ་རན་སེ་སོགས་ཀྱི་དངོས་སུ་སྤྱོད་པའི་མ་དངུལ་དུས་མཚུངས་ལས་72.5%དང་། 65.7% 11.2% 115.1% 5.5%བཅས་དང་18.2%སོ་སོར་འཕར་བ། ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་གྱིས་དངོས་སུ་ཕྱི་ཕྱོགས་མ་དངུལ་སྤྱོད་ཚད་དུས་མཚུངས་ལས་79.1%འཕར་བ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་མ་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་76%འཕར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།