འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཐད་འཕུར་གནམ་གྲུ་སྤྱད་དེ་ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་
    སྐུད་ལམ་ལ་སྐོར་སྐྱོད་ཐོག་མ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་ཐད་འཕུར་གནམ་གྲུ་སྤྱད་དེ་ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་
སྐུད་ལམ་ལ་སྐོར་སྐྱོད་ཐོག་མ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་རྒྱལ་ཁབ་གློག་དྲ་རྒྱུན་སྤྱོད་མཁའ་སྐྱོད་ཀུང་སིས་ཆན་ཕུའུ་500ཡི་ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་སྐུད་ལམ་ལ་ཐད་འཕུར་གནམ་གྲུ་བཏང་ནས་སྐོར་སྐྱོད་བྱས་པ་རེད། དེ་ནི་ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་གྱིས་ས་བབ་མཐོ་ལ་གནམ་གཤིས་འགྱུར་ལྡོག་ཆེ་བའི་ས་ཁུལ་དུ་ཐད་འཕུར་གནམ་གྲུ་སྤྱད་དེ་མཁའ་དབྱིངས་ནས་སྐོར་སྐྱོད་བྱེད་ཐེངས་དང་པོ་དེ་རེད།
         ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་སྐུད་ལམ་གྱི་སྤྱིའི་རིང་ཚད་སྟོང་སྨི་2560ཙམ་ཟིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3816ཟིན་པ། གློག་སྒྲོམ་འཛུགས་ས་མཐོ་ཤོས་སྨི་5292ཟིན་པ་མ་ཟད། ད་དུང་ལམ་རྒྱུད་དུ་རི་མཐོ་ལ་གྲང་ངར་ཆེ་བ་དང་། གསོ་རླུང་འདུས་ཚད་དམའ་བ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ། དྲོད་ཚད་ཧེ་བག་ཆེ་བ། རླུང་ཕྱོགས་འགྱུར་ལྡོག་མང་བས་འཛམ་གླིང་ཐོག་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་ཀྱི་གློག་གཏོང་སྐུད་ལམ་ཞིག་རེད། དུས་རྒྱུན་མི་ཐབས་ལ་བརྟེན་ནས་སྐོར་བཤེར་བྱེད་པ་དང་། ཞན་ཆ་སེལ་བ། ཆག་སྐྱོན་སྐོར་བཤེར་བཅས་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་ཐད་འཕུར་གནམ་གྲུ་སྤྱད་དེ་མཁའ་དབྱིངས་ནས་སྐོར་བཤེར་བྱས་ཚེ་མི་ཐབས་ལས་དེ་བས་དུས་ཚོད་གྲོན་ཆུང་དང་དེ་བས་ལས་ཆོད་ཆེ་བ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཐད་འཕུར་གནམ་གྲུས་ཞིབ་ལས་ཅན་གྱི་སྐོར་བཤེར་བྱེད་སྐབས་ལམ་ཐིག་གི་གཞོགས་གཅིག་རང་ལ་སྐོར་བཤེར་བྱེད་པ་དང་ཆབས་ཅིག་མིག་ཟིན་ཐུབ་པའི་འོད་དང་དམར་ཕྱིའི་འོད་སྤྱད་དེ་ཞིབ་བཤེར་ཚད་ལེན་དང་འོད་ཕུང་བཤར་འབེབས་བྱས་ནས་སྐུད་ལམ་སྤྱི་ལེ་1604དང་གློག་སྒྲོམ་1844ལ་མཁའ་དབྱིངས་ནས་སྐོར་བཤེར་བྱ་རྒྱུ་རེད།
    【1】  【2】  【3】  【4】
    ༄༅།།བོད་ལྗོངས་ཀྱིས་ཐད་འཕུར་གནམ་གྲུ་སྤྱད་དེ་ཁྲོན་བོད་དང་བོད་ལྗོངས་དབུས་རྒྱུད་ཀྱི་དྲ་སྦྲེལ་
སྐུད་ལམ་ལ་སྐོར་སྐྱོད་ཐོག་མ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།