འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨར་ཅི་རི་ཡའི་དམག་དཔུང་གི་གནམ་གྲུ་ལ་ཟགས་ཐོར་བྱུང་སྟེ་མི་257ཙམ་རྐྱེན་ལམ་དུ་
    ཤོར་ཞིང་རྒྱལ་ཡོངས་ནས་ཉིན་གསུམ་རིང་ལ་མྱ་ངན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨར་ཅི་རི་ཡའི་དམག་དཔུང་གི་གནམ་གྲུ་ལ་ཟགས་ཐོར་བྱུང་སྟེ་མི་257ཙམ་རྐྱེན་ལམ་དུ་
ཤོར་ཞིང་རྒྱལ་ཡོངས་ནས་ཉིན་གསུམ་རིང་ལ་མྱ་ངན་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་11ཉིན་གྱི་སྔ་དྲོར་བརྡ་འཕྲིན་སྤེལ་ཏེ་ཉིན་དེའི་དུས་ཚོད་སྔ་ཙམ་ཞིག་ལ་བྱུང་བའི་དམག་དཔུང་གི་གནམ་གྲུ་ཟགས་ཐོར་དོན་རྐྱེན་ནང་གི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་257ལ་འཕར་འདུག་ཅེས་བརྗོད་ཡོད་པ་རེད།
         ཨར་ཅི་རི་ཡའི་རྒྱལ་སྲུང་པུའུ་ཡིས་IL-76དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་དེ་ཉིན་དེའི་ཆུ་ཚོད་7:50སྐབས་ཨར་ཅི་རི་ཡ་རྒྱལ་ཁབ་བྱང་རྒྱུད་ཀྱི་ཞིབ་ཆེན་པུ་ལི་ཏཱ་ཡི་ཧྥ་ལི་ཁེ་དམག་སྤྱོད་གནམ་གྲུ་འབབ་ཐང་ནས་འཕུར་ཏེ་ཡུན་རིང་མ་སོང་བར་ཉེ་འཁོར་གྱི་ཞིང་ཁ་ཞིག་ཏུ་ཟགས་ཐོར་བྱུང་བ་རེད། མིག་སྔར། རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་257ལ་འཕར་ཡོད་པ་དང་། དེ་ལས་མི་10ནི་གནམ་གྲུ་ནང་གི་ལས་བྱེད་མི་སྣ་ཡིན་པ་རེད། རྐྱེན་ལམ་དུ་ཤོར་མཁན་མང་ཤོས་ནི་དམག་མི་དང་དེ་ཚོའི་ནང་མི་ཡིན་པ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་བེམ་པོ་ཉེ་འཁོར་གྱི་དམག་ཕྱོགས་སྨན་ཁང་ཞིག་ཏུ་སྐྱེལ་བ་རེད།
         ཚེས་11ཉིན། ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་ཉིན་དེ་ནས་བཟུང་བའི་ཉིན་གསུམ་གྱི་རིང་ལ་རྒྱལ་ཡོངས་ནས་གནམ་གྲུ་ཟགས་ཐོར་ལས་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
         ཉིན་དེ་ཡི་གསལ་བསྒྲགས་ཤིག་ཏུ། སྲིད་འཛིན་པོའུ་ཐེ་ཧྥེ་ལི་ཁཱ་(Abdelaziz Bouteflika)ཡིས་རྐྱེན་ལམ་དུ་ཤོར་མཁན་ཚོའི་ནང་མིར་འཚམས་འདྲི་གནང་ཡོད་པར་མ་ཟད། རྒྱལ་ཡོངས་ནས་ཉིན་གསུམ་གྱི་རིང་ལ་མྱ་ངན་ཞུ་དགོས་ཚུལ་བསྒྲགས་པརེད། ཚེས་13ཉིན། རྒྱལ་ཡོངས་ས་གནས་ཁག་གི་མང་ཚོགས་ཀྱིས་ཕྱག་འཚལ་དུས་ཚོད་སྐབས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་རེད།
    ༄༅།།ཨར་ཅི་རི་ཡའི་དམག་དཔུང་གི་གནམ་གྲུ་ལ་ཟགས་ཐོར་བྱུང་སྟེ་མི་257ཙམ་རྐྱེན་ལམ་དུ་
ཤོར་ཞིང་རྒྱལ་ཡོངས་ནས་ཉིན་གསུམ་རིང་ལ་མྱ་ངན་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།