འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ནས་བཟུང་རང་རྒྱལ་གྱི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་བརྟན་
    པོའི་ངང་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སིའི་འབྲེལ་ཡོད་འགན་འཁུར་མི་སྣས་འདི་ལོ་ནས་བཟུང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་བླང་བྱར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་པས། དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཁྲོད་སྤུས་ཚད་དང་ཕན་འབྲས་གཉིས་ཀ་བརྟན་པོའི་ངང་འཕར་ཡོད་ཅེས་བརྗོད་པ་རེད།
         ཕྱོགས་གཅིག་ནས་བཟོ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་ཞིང་། བཟོ་ལས་ཐོན་སྐྱེད་ཐད་ནས་བལྟས་ན། བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་ཚད་མགྱོགས་སུ་ཕྱིན་ནས་ཐོན་སྐྱེད་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་པ་དང་། བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་བལྟས་ན། བཟོ་ལས་ཁེ་ལས་ཀྱི་ཡོང་འབབ་འཕར་འགོ་ཚུགས་ནས་ཁེ་སྤོགས་འཕར་ཤུགས་ཆེ་རུ་ཕྱིན་པ། བཟོ་ལས་ཁེ་ལས་ཀྱི་ནོར་དོན་གནས་ཚུལ་ལ་བལྟས་ན། བཟོ་ལས་ཁེ་ལས་ཀྱི་མ་རྩ་བེད་སྤྱོད་བྱེད་ཚད་འཐུས་སྒོ་ཚང་དུ་ཕྱིན་ནས་འདེགས་ཤིང་དོར་བ་དང་མ་གནས་གཅོག་པའི་ཕན་འབྲས་མུ་མཐུད་མངོན་གསལ་དོད་དུ་སོང་ཡོད།
         ཕྱོགས་གཞན་ཞིག་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་སོང་ཞིང་། ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་ཐད་ནས་བལྟས་ན། ཞབས་ཞུའི་ལས་རིགས་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཞབས་ཞུའི་ལས་རིགས་ཀྱི་འགུལ་ནུས་གསར་པའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གནས་ཚུལ་ལ་བལྟས་ན། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་གཉེར་སྐྱོང་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་སྐྱོང་བྱས་ཚུལ་ཉེ་བའི་ལོ་བཞིའི་རིང་འགོ་ཡག་ཤོས་འཛུགས་ཐུབ་པ་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།