འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་འཁོར་གྱི"ཀྲུང་གོར་ལྟ་བ། ཕྱི་རྒྱལ་གཞོན་ནུའི་བརྙན་པར་འཆར་གཞི"སྤེལ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ལོ་འཁོར་གྱི“ཀྲུང་གོར་ལྟ་བ། ཕྱི་རྒྱལ་གཞོན་ནུའི་བརྙན་པར་འཆར་གཞི”ཉིན་ཤས་གོང་སྤེལ་འགོ་ཚུགས་ཤིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“སྣོད་བཅུད་དང་། སྐྱེ་དངོས། འཚོ་བ”བཅས་ཡིན་པ་དང་རྒྱལ་ཁབ་35ནས་ཡོང་བའི་ཕྱི་རྒྱལ་གྱི་གཞོན་ནུ་100“ཀྲུང་གོར་ལྟ་བ”ཞེས་པའི་ཡུལ་སྐོར་ནང་ཞུགས་ཡོད། ཁོ་ཚོས་ཀྲུང་གོ་ཕྱོགས་ཀྱི་དང་བླངས་པའི་གཅིག་རོགས་གཅིག་གི་འོག་པེ་ཅིང་དང་། ཀོང་ཏུང་གི་ཀྲུའུ་ཧའེ། ཀོང་ཏུང་གི་ཧྲེན་ཀྲེན། ཁྲུང་ཆིང་། ཧུའུ་པེ། ལེའོ་ཉིང་། ཀུའེ་ཀྲའོ། ཅང་སུའུ། མཚོ་སྔོན། ཧོ་པེ། ནང་སོག་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་11ཏུ་བསྐྱོད་དེ་མི་རེས་སྐར་མ་10ཡི་དངོས་མཚན་བརྙན་ཐུང་པར་ལེན་བྱ་རྒྱུ་རེད།
         “ཀྲུང་གོར་ལྟ་བ”ཞེས་པ་དེ་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཧུད་ལིང་རིག་གནས་ཐེབས་རྩ་དང་ཀྲུང་གོ་རིག་གནས་རྒྱལ་སྤྱི་ཁྱབ་སྤེལ་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་2011ལོ་ནས་2017ལོ་བར་ལེགས་གྲུབ་ལྡན་པའི་ངང་སྐབས་བདུན་གཉེར་ཟིན་ཡོད། ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཁ་ན་ཏ། དབྱི་སི་རལ་སོགས་རྒྱལ་ཁབ་49ནས་ཡོང་བའི་གཞོན་ནུ་405ཀྲུང་གོའི་གྲོང་ཁྱེར་20རུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གའི་དགེ་སློབ་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་གཟེངས་སུ་ཐོན་པའི་ངང་བརྙན་ཐུང་404ལེགས་གྲུབ་བྱུང་བ་དང་རྒྱལ་སྤྱིའི་བྱ་དགའ་90ལྷག་ཙམ་ཐོབ་པས་སློབ་གསོའི་ལས་རིགས་དང་ལས་སྒོའི་ལས་རིགས་ཀྱི་དོ་ཁུར་རྒྱ་ཁྱབ་ངང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།