འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ཙུང་ལི་ཡིས་ཀྲུང་གོ་དང་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་
    རྒྱུའི་རེ་བ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ནེ་པ་ལའི་ཙུང་ལི་ཨའོ་ལི་ཡིས་ཉི་ནུས་ལག་རྩལ་དེ་ནེ་པ་ལའི་ཞིང་ལས་དེང་རབས་ཅན་ལ་ཧ་ཅང་གལ་འགངས་ཆེ་བས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ནེ་ཀྲུང་རྒྱལ་ཁབ་གཉིས་པོས་ནུས་རྒྱུ་གཙང་མ་ཚུད་པའི་ཁྱབ་ཁོངས་མང་པོའི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད“ལམ་ཆེན་གསར་པ་ཞིག་བཏོད”ཡོད་ཅེས་གསུངས་པ་རེད།
          དེ་ཉིན་ཨའོ་ལིས་ཀ་ཏ་མན་རྡུའི་ནེ་པ་ལ་སྲིད་གཞུང་གི་སྒོ་རའི་ནང་ཀྲུང་གོས་ནེ་པ་ལར་ཉི་ནུས་རྣམ་གྲངས་རོགས་སྐྱོར་བྱེད་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་སྐབས་གོང་གསལ་གྱི་བཀའ་མོལ་དེ་གསུངས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐུང་ནང་སྒོ་རའི་ཉི་འོད་ནུས་པའི་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་རྣམ་གྲངས་དེ་ནེ་པ་ལའི་ས་ཁུལ་གཞན་ཏུའང་ཁྱབ་གདལ་ཡོང་རྒྱུའི་ཐུགས་རེ་གནང་བ་རེད།
          དེ་ཉིན་རྩིས་སྤྲོད་རྩིས་ལེན་བྱས་པའི་རྣམ་གྲངས་དེ་ནེ་པ་ལའི་སྲིད་གཞུང་གི་སྒོ་ར་དང་དེའི་ཉེ་འཁོར་ས་ཁུལ་དུ་གནས་ཤིང་། ཀྲུང་གོ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་སི་ཁྲོན་སུའུ་ཡོན་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་ནས་2016ལོའི་ཟླ་11པར་ལས་འགོ་བཙུགས་ཏེ་འདི་ལོའི་ཟླ་2པར་ལས་མཇུག་འགྲིལ་བ་དང་། གློག་འདོན་འཕྲུལ་ཙུའུ་ནས་གློག་འདོན་ཚད་ཀྲའོ་ཝ་1ཟིན་ཏེ་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་137ཙམ་ཟིན་བཟོ་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ནེ་པ་ལར་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ཀྱིས་ཆུ་ཤུགས་གློག་ཁང་5བསྐྲུན་ཟིན་པ་དང་། དེ་མིན་སྐྲུན་བཞིན་པའི་ཆུ་ཤུགས་དང་ཉི་ནུས་ཀྱི་གློག་གཏོང་རྣམ་གྲངས་10ལྷག་ཙམ་དང་དེ་བཞིན་གློག་སྐྱེལ་གློག་སྒྱུར་རྣམ་གྲངས་10ལྷག་ཙམ་ཡོད་པ་རེད། ཟླ་བ་འགའ་ཤས་གོང་ཀྲུང་གོས་ད་དུང་ནེ་པ་ལ་ཕྱོགས་ལ་གློག་འདོན་ཚད་ཆན་ཝ་750ཟིན་པའི་ཁྱིམ་སྤྱོད་འོད་ཤུགས་གློག་གཏོང་སྒྲིག་ཆས་ཆ་ཚང་ཁྲི་3.4བསྩལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།