འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་བྱང་ཕྱོགས་སུ་སློབ་གྲྭའི་རླངས་འཁོར་གྲོག་རོང་དུ་ལྷུངས་ནས་བྱིས་པ་20ཡི་སྲོག་
    ཤོར་བ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱ་གར་བྱང་ཕྱོགས་སུ་སློབ་གྲྭའི་རླངས་འཁོར་གྲོག་རོང་དུ་ལྷུངས་ནས་བྱིས་པ་20ཡི་སྲོག་
ཤོར་བ་རེད།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། རྒྱ་གར་བྱང་ཕྱོགས་ཧི་མ་ཞེ་ཨེར་པང་རི་ཁུལ་དུ་སློབ་གྲྭའི་རླངས་འཁོར་ཞིག་གྲོག་རོང་དུ་ལྷུངས་པའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ནས་བྱིས་པ་ཧ་ལམ་20ལྷག་གི་སྲོག་ཤོར་བ་དང་། གཞན་བྱིས་པ་20ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། 
    ས་གནས་དེ་གའི་དཔོན་པོ་སངས་ཏི་ཕུའུ་ཁུའུ་མར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅའ་འདྲི་ལ། དོན་རྐྱེན་ནི་ནུའུ་པུའུ་གྲོང་ཁྱེར་ཀང་གེ་ལ་ས་ཁུལ་དུ་བྱུང་ཞིང་། རླངས་འཁོར་ནང་དུ་བྱིས་པ་སློབ་ཆུང་40ཡོད་པ་དང་། དཀྱོག་ལམ་ནས་བསྐྱོགས་མཚམས་སུ་གྲོག་རོང་གི་ཟབ་ཚད་ལ་སྨི་100ཙམ་ཡོད་པའི་ནང་དུ་ལྷུངས་བ་རེད་ཅེས་བཤད། 
         དེ་ཡང་ལམ་སྡུག་པ་དང་ཁ་ལོ་བས་མགྱོགས་ཚད་ལས་བརྒལ་ནས་བཏང་བ་དང་། ཤོང་ཚད་ལས་འདས་པར་མི་སྡོད་དུ་བཅུག་པ་སོགས་རླངས་འཁོར་ཁ་ལོ་སྒྱུར་སྟངས་ཀྱི་སྒྲིག་ཁྲིམས་དང་འགལ་ནས་བྱས་པ་ལས་བྱུང་བ་རེད། རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚུལ་ཅུང་མང་སྟེ། རགས་བརྩིས་བྱས་ན། རྒྱ་གར་དུ་ལོ་རེར་མི་ཁྲི་15ཙམ་འགྲིམ་འགྲུལ་དོན་རྐྱེན་ལས་གྲོངས་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།