འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོམ་ཕུ་ཡིས་ཟླ་5པའམ་6པའི་ཚེས་འགོ་ཞིག་ལ་ཅིན་ཀྲེན་ཨེན་དང་ཐུག་རྒྱུ་ཡིན་པར་བརྗོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ཨ་རིའི་སྤྱི་ཁྱབ་སྲིད་འཛིན་ཐེ་རོམ་ཕུ་ཡིས། ཁོང་དང་བྱང་ཁོ་རེ་ཡའི་ཆེས་མཐོའི་མགོ་ཁྲིད་ཅིན་ཀྲེན་ཨེན་གྱི་ཞལ་མཇལ་དེ་ཟླ་5པའམ་6པའི་ཚེས་འགོ་ཞིག་ལ་མཇལ་རྩིས་ཡོད་ཅེས་བརྗོད།
    ཐེ་རོམ་ཕུས་ཉིན་དེར་ཕོ་བྲང་དཀར་པོའི་ནང་གསར་འགོད་པ་ལ་ཨ་རིའི་ཕྱོགས་ནས་མིག་སྔར་ཁོ་རེ་ཡ་བྱང་མ་དང་འབྲེལ་བ་བྱས་པ་ཡིན། ང་ཚོ་ཟླ་5བའམ་6པའི་ཚེས་འགོ་ཞིག་ལ་མཇལ་འཕྲད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཐེ་རོམ་ཕུ་ཡིས། ཨ་རི་དང་བྱང་ཁོ་རེ་ཡ་གཉིས་ཀྱིས་བྱང་ཁོ་རེ་ཡའི་ཉིང་རྡུལ་མེད་པར་བཟོ་རྒྱུར་གྲོས་མཐུན་ཡོང་བ་བྱེད་རྩིས་ཡོད་ཅེས་བརྗོད་པ་རེད།
         ཨ་རིའི་དཔོན་པོ་མང་པོ་ཞིག་གིས་ཚེས་8ཉིན། ཁོ་རེ་བྱང་མའི་ཕྱོགས་ནས་ཨ་རི་ཕྱོགས་ལ་ཐད་ཀར་འབྲེལ་བ་བྱས་བྱུང་བས། ཁོ་རེ་ཡ་བྱང་མའི་ཅིན་ཀྲེན་ཨེན་གྱིས་ཐེ་རོམ་ཕུ་དང་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གནད་དོན་ལ་གྲོས་མོལ་བྱ་རྒྱུའི་མོས་མཐུན་ཡོད་ལུགས་བསྟན་ཡོད་པར་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།