འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་དང་མོས་མཐུན་ཐོབ་པ་བརྒྱུད་བོད་ལྗོངས་ཀྱི་སྐྱིད་གྲོང་
    འགག་སྒོར་སྨན་རྒྱུ་ནང་འདྲེན་གྱི་མཐའ་མཚམས་འགག་སྒོ་འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་སྐྱིད་གྲོང་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་1ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་དང་མོས་མཐུན་ཐོབ་པ་བརྒྱུད་སྐྱིད་གྲོང་འགག་སྒོར་སྨན་རྒྱུ་ནང་འདྲེན་གྱི་མཐའ་མཚམས་འགག་སྒོ་འཛུགས་རྒྱུ་ཡིན་པ་རེད། 
         སླད་ཕྱིན་གཞིས་རྩེ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྐྱིད་གྲོང་འགག་སྒོའི་སྨན་རྒྱུ་ནང་འདྲེན་ཐོ་རྒྱག་པའི་ལས་དོན་གྱི་འགན་འཁུར་རྒྱུ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་9ཚེས་3ཉིན་ནས་ཚེས་5ཉིན་བར་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་འགག་སྒོ་སྤྱི་ཁྱབ་ཧྲུའི་དཔྱད་དཔོག་ལས་དོན་ཚོགས་ཆུང་གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་དེ་སྐྱིད་གྲོང་འགག་སྒོར་སྨན་རྒྱུ་ནང་འདྲེན་གྱི་མཐའ་མཚམས་འགག་སྒོ་འཛུགས་པའི་དཔྱད་དཔོག་ལས་དོན་སྤེལ་ཡོད། ལས་དོན་ཚོགས་ཆུང་གིས་ནང་འདྲེན་སྨན་རྒྱུའི་མ་ལག་གི་ཡིག་ཆར་ཞིབ་ལྟ་བྱས་པ་དང་ཆབས་ཅིག་ནང་འདྲེན་སྨན་རྒྱུ་ཞིབ་བཤེར་སྙན་འབུལ་གྱི་དོ་དམ་མ་ལག་དང་ནང་འདྲེན་སྨན་རྒྱུའི་གོ་རིམ་ལ་ཞིབ་བཤེར་བྱས་པ་དང་ཐོ་བཀོད་པ། དངོས་དཔེ་ཞིབ་བཤེར། འདུན་ཞུའི་དཔྱད་ཡིག་གི་ནང་དོན་ཞིབ་དཔྱད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།