འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་བདུན་བསྟུད་མར་རིན་མེད་གཟུགས་གཞི་བརྟག་དཔྱད་བྱས་པས་མི་ཁྲི་
    300ཙམ་ལ་ཕན་པ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་མིག་སྔར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་གཞི་བརྟག་དཔྱད་བྱས་པ་དེ་ནི་ལོ་བདུན་བསྟུད་མར་སྤེལ་བའི་བྱེད་སྒོ་ཞིག་རེད། 2017ལོར་བོད་ལྗོངས་ཀྱིས་རིན་མེད་གཟུགས་གཞི་བརྟག་དཔྱད་བྱས་པས་མི་ཁྲི་300ཙམ་ལ་ཕན་པ་ཐོབ་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་2012ལོ་ནས་རིན་མེད་གཟུགས་གཞི་བརྟག་དཔྱད་བྱས་ཚུན། གཟུགས་པོར་བརྟག་དཔྱད་བྱེད་པའི་ཚད་གཞི་མི་རེར་ཆ་སྙོམས་སྒོར་50ནས་སྒོར་100བར་མཐོ་རུ་བཏང་བ་དེ་དག་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་ཀྱི་ནོར་སྲིད་ནས་གཅིག་སྡུད་ཐོག་འགན་འཁུར་གྱི་ཡོད། སྨན་དོན་མི་སྣ་གྲོང་ཚོ་དང་། སྡེ་ཁུལ། དགོན་སྡེ་བཅས་སུ་བསྐྱོད་དེ་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག མིག་ནད་ཚན་ཁག རྣ་སྣ་མགྲིན་ནད་ཚན་ཁག ཁ་སྦུག་ཚན་ཁག བུད་མེད་ཚན་ཁག་དང་དེ་བཞིན་ཁྲག་གཤེར་དང་Bསྒྲ་རླབས་སོགས་ཀྱི་བརྟག་དཔྱད་བྱས་ནས་བརྟག་དཔྱད་བྱེད་མཁན་ཚང་མར་བདེ་ཐང་ཡིག་ཚགས་བཟོས་ཡོད་པ་རེད། 
         རྒྱུན་གཏན་གྱི་རྣམ་གྲངས་ཕུད། གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་རིང་ད་དུང་ས་མཐོའི་ནད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་དང་མི་ཚོགས་མི་འདྲ་བར་གཞིགས་ནས་དམིགས་བསལ་བརྟག་དཔྱད་བྱེད་ཅིང་། ལོ་དྲུག་མན་གྱི་བྱིས་པར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་མིན་གྲལ་བཤེར་དང་ལོ་60ཡན་གྱི་རྒན་རྒོན་ལ་ས་མཐོའི་རང་བཞིན་གྱི་གཅོང་ནད་དང་སྐྱ་འགྲིབ་སོགས་ཕོག་མིན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཁར། བོད་ལྗོངས་ས་མཐོར་ཐོན་མང་བའི་སྲིན་འབུའི་ནད་དང་ཐུམ་འབུའི་ནད་ཀྱང་རྒྱུན་གཏན་བརྟག་དཔྱད་ཀྱི་རྣམ་གྲངས་ནང་བཅུག་ཡོད་ལ། ནད་གཞི་གཏན་འཁེལ་བྱུང་བའི་ནད་པས་གནས་གཏན་འཁེལ་གྱི་སྨན་ཁང་དུ་རིན་མེད་གཤགས་བཅོས་བྱེད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།