འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲུང་པུའི་གསར་འགྱུར་བསྒྲགས་མཁན་གྱིས་ཨ་རིའི་རྒྱལ་སྲིད་སྤྱི་དོན་ཁང་གིས་ཐའེ་
    ཝན་ལ་མཚོ་གཏིང་འཛུལ་གྲུ་"ཚོང་གཉེར་དཔང་ཡིག"སྤྱི་བསྒྲགས་བྱས་པའི་སྐོར་གསར་
    འགོད་པའི་དྲི་བར་ལན་འདེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། གསར་འགོད་པས། གསར་འགྱུར་བསྒྲགས་པ་ན། ཐའེ་ཝན་གྱི་འགོག་སྲུང་སྡེ་ཚན་གྱིས་ཨ་རིའི་རྒྱལ་སྲིད་སྤྱི་དོན་ཁང་གིས་ཐའེ་ཝན་ལ་མཚོ་གཏིང་འཛུལ་གྲུ་"ཚོང་གཉེར་དཔང་ཡིག"སྤྱི་བསྒྲགས་བྱས་པ་དེ། ཐའེ་ཝན་ཕྱོགས་ནས་ཨ་རིའི་བྱེད་སྟངས་དེས་འགོག་སྲུང་གི་ནུས་པ་ཇེ་མཐོར་གཏོང་བ་དང་། ཨ་རི་དང་ཐའེ་ཝན་བར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་སྲིང་བྱེད་ཐུབ་པར་ཕན་ཐོགས་ངེས་ཞེས་བཤད་པ་དེའི་ཐད་ལ་རྒྱལ་སྲུང་པུའུ་ལ་དཔྱད་འཇོག་གང་ཡོད་དམ་ཞེས་དྲིས་པ་ལ། 
         ཝང་ཆན་གྱིས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིས་ཐའེ་ཝན་ལ་མཚོན་ཆ་འཚོང་བར་ངོ་རྒོལ་བྱེད་པའི་ལང་ཕྱོགས་ཁ་གསལ་ལ། མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཞིང་། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་ཆབ་སྲིད་ཀྱི་འབྲེལ་བའི་རྨང་གཞི་ཡིན། ཀྲུང་གོས་ཨ་རིས་ཀྲུང་གོ་གཅིག་གི་སྲིད་ཇུས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གཏན་འབེབས་དང་། ཨ་རི་དང་ཐའེ་ཝན་བར་གྱི་འདྲ་མིན་སྣ་ཚོགས་ཀྱི་དམག་དོན་འབྲེལ་བ་མཚམས་འཇོག་རྒྱུ། རྣམ་པ་འདྲ་མིན་གྱིས་ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུ་མཚམས་འཇོག་རྒྱུ་བཅས་སྐོར་གྱི་ཁས་འཆེས་ཚད་ངེས་པར་བརྩི་སྲུང་བྱེད་དགོས་ཞེས་བསྒྲགས། ཀྲུང་གོའི་དམག་དཔུང་ལ་མེས་རྒྱལ་ཁ་ཕྲལ་གཏོང་བའི་རེ་ངན་བཅངས་མཁན་ཚང་མ་ཕམ་པར་གཏོང་བའི་ནུས་པ་ཡོད་ལ་ཆོད་སེམས་ཀྱང་ཡོད་པས། དགོས་ངེས་ཀྱི་ཐབས་ཤེས་ཡོད་ཚད་ཀྱིས་རྒྱལ་ཁབ་ཀྱི་གཙོ་བདག་བདེ་འཇགས་དང་མངའ་ཁོངས་ཆ་ཚང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་ངེས་ཡིན་ཞེས་ལན་བཏབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།