འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པུ་རུན་ཏི་གཞུང་ཕྱོགས་སྨྱན་སྦྱོར་ཚན་པས་ཆེད་བརྗོད་ཐེངས་མང་སྤེལ་ནས་པུ་ཀྲུང་གི་འབྲེལ་བར་
    བསྔགས་བརྗོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། པུ་རུན་ཏིའི་གཞུང་ཕྱོགས་ཚགས་པར་དང་སྨྱན་སྦྱོར་ཚན་པ་གཙོ་བོ་《ཤིན་ཧྲེང་ཚགས་པར་》ཐོག་ཉེ་དུས་བསྟུད་མར་ཆེད་བརྗོད་ཐེངས་མང་སྤེལ་ཏེ། པུ་རུན་ཏི་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་བཟང་པོ་བྱས་ཡོད་པ་རེད།
         ཟླ་4ཚེས་3ཉིན་《ཤིན་ཧྲེང་ཚགས་པར་》ཐོག་འགོ་བརྗོད་དུ་《པུ་ཀྲུང་འབྲེལ་བར་ནམ་ཡང་ཁས་ལེན་བྱེད་རིན་ཡོད་》ཅེས་འཁོད་པའི་ཆེད་བརྗོད་ནང་། ཉེ་ཆར་པུ་རུན་ཏིའི་ཙུང་ཐུང་ཨེན་ཁུའུ་ལུན་ཆི་ཀྲ་ཡིས་སྣེ་ཁྲིད་གནང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་པུ་རུན་ཏིར་ཡོད་པའི་ཀྲུང་གོ་བའི་རྐང་རྩེད་སྤོ་ལོའི་རུ་ཁག་དབར་མཛའ་གྲོགས་འགྲན་བསྡུར་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་ལྷག་བསམ་ཟོལ་མེད་དང་མཛའ་གྲོགས་འབྲེལ་བ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།
         ཆེད་བརྗོད་ནང་ད་དུང་བརྗོད་དོན། དུས་ཡུན་རིང་པོའི་ནང་པུ་ཀྲུང་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་། ཕན་ཚུན་བརྩི་འཇོག འདྲ་མཉམ་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་གཉིས་པོའི་མཉམ་ལས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རེ་སྒུག་བྱེད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་ནི་ཕྱོགས་གཉིས་པོས་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་འདུན་པ་བརྟན་པོ་དང་ཁ་འབྲལ་ཐབས་མེད།
         ཟླ་3ཚེས་20ཉིན་《ཤིན་ཧྲེང་ཚགས་པར་》ཐོག་སྤེལ་བའི་ཆེད་བརྗོད་ནང་། པུ་ཀྲུང་མཉམ་ལས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། པུ་རུན་ཏིར་པུ་ཀྲུང་འབྲེལ་བ་ལས་ཕན་པ་ཐོབ་རྒྱུ་ཡིན་པས། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་སྔར་བས་ལེགས་པ་དང་། དེ་བས་རེ་སྒུག་བྱེད་རིན་ཡོད་པ། དེ་བས་སྒོ་འབྱེད་བཅས་བྱེད་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
         ཟླ་3ཚེས་19ཉིན་《ཤིན་ཧྲེང་ཚགས་པར་》ཐོག་སྤེལ་བའི་ཆེད་བརྗོད་ནང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་དེ་བཞིན་འདི་ལོའི་ཟླ་དགུ་པར་འཚོག་རྒྱུའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཀྱིས་ཧྥེ་ཀྲུང་མཉམ་ལས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ལམ་སྲོལ་བཙུགས་ཚུན། པུ་རུན་ཏི་ནི་དེའི་ནང་ཧུར་ཐག་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཞིག་རེད། པུ་ཀྲུང་གི་མཛའ་གྲོགས་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་པས། ཕྱོགས་གཉིས་པོའི་མཉམ་ལས་ཀྱང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས། ཀྲུང་གོས་དུས་ཡུན་རིང་པོའི་ནང་ང་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་པུ་རུན་ཏིའི་མི་དམངས་ཀྱིས་བརྗེད་མི་སྲིད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།