འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཁྲུག་ཆ་དོད་པའི་ཁྲོམ་རར་རྩ་ཁྲིམས་དྲིལ་བསྒྲགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་ཏུང་དབྱིང་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པས་ཧྲེང་ལེ་ཁྲོམ་གཞུང་ཤིན་ཀྲན་གྲོང་ཚོའི་འཁྲུག་ཆ་དོད་པའི་ཁྲོམ་རར་མང་ཚོགས་ལ་རྩ་ཁྲིམས་དྲིལ་བསྒྲགས་བྱས་པ་རེད། ཏུང་དབྱིང་ཆུས་ཀྱིས་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁ། གྲོང་ལྷན་དང་སྡེ་ཁུལ། ཁེ་ལས་དང་སློབ་གྲྭ གྲོང་གསེབ་ཀྱི་འཁྲུག་ཆ་དོད་པའི་ཁྲོམ་ར་བཅས་སུ་རྩ་ཁྲིམས་གསར་པ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པས་མང་ཚོགས་ཀྱིས་རྩ་ཁྲིམས་ཤེས་པ་དང་། རྩ་ཁྲིམས་སྦྱོང་བ། རྩ་ཁྲིམས་ལ་བརྩི་འཇོག་བཅས་བྱེད་པར་སྟབས་བདེ་སྐྲུན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།