འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་གློག་སྤྱོད་ཚད་ལོ་ལྔའི་རིང་འཕར་ཚད་མཐོ་
    ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། དཔལ་འབྱོར་གཙོ་བོའི་སྟོན་གྲངས་ལེགས་པའི་ཕྱོགས་སུ་ཡར་སྐུལ་བྱུང་བ་ལས་འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་སུ་གློག་སྤྱོད་ཚད་ལོ་ལྔའི་རིང་འཕར་ཚད་མཐོ་ཤོས་སུ་སླེབས་ནས་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་1.06ཟིན་ཏེ་དུས་མཚུངས་ལས་13.3%འཕར་བ་དང་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.9མཐོ་རུ་ཕྱིན་ཡོད་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་ཐོན་ལས་དང་པོས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་144ཟིན་ནས་དུས་མཚུངས་ལས་12.6%འཕར་བ་དང་། ཐོན་ལས་གཉིས་པས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་6999ཟིན་ནས་དུས་མཚུངས་ལས་11.5%འཕར་བ། ཐོན་ལས་གསུམ་པས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1727ཟིན་ནས་དུས་མཚུངས་ལས་18.8%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1683ཟིན་ནས་དུས་མཚུངས་ལས་15.2%འཕར་བ་བཅས་རེད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.6དང་4.9དང་11.5དང་11.7སོ་སོར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།