འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱིམ་ཚང་ཁྲི་སྟོང་མང་པོས་གནའ་གྲོང་ཤིས་ཨན་གྱི་གྲོང་མི་དང་ཡུལ་སྐོར་བའི་མཚན་མོའི་
    ལུས་སྦྱོང་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཤིས་ཨན་གྲོང་ཁྱེར་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཤིས་ཨན་གྱིས་ད་ཡོད་ཀྱི་མཚན་མོའི་ལུས་སྦྱོང་ཁང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་འབྲེལ། མཚན་མོའི་ལུས་སྦྱོང་བྱ་ཡུལ་མང་པོ་ཞིག་བཏོད་དེ་གནའ་གྲོང་ཤིས་ཨན་གྱི་མཚན་མོའི་ལུས་སྦྱོང་བྱེད་མཁན་ལ་དེ་བས་བདེ་འཇགས་དང་དེ་བས་སྟབས་བདེའི་ལུས་རྩལ་གྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཉེ་ཆར། ཤིས་ཨན་གྲོང་ཁྱེར་སྲིད་གཞུང་གིས་《མཚན་མོ་ཤིས་ཨན་དུ་ཡུལ་སྐོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》བཀྲམ་ནས་གྲོང་མི་དང་ཡུལ་སྐོར་བ་མཚན་མོ་ལུས་སྦྱོང་བྱེད་སྒོར་ཞུགས་རྒྱུ་དེ“མཚན་མོ་ཤིས་ཨན་དུ་ཡུལ་སྐོར་བྱེད་པའི”སྤུས་རྟགས་སུ་འགྱུར་བར་བྱ་རྒྱུ་རེད། ལག་བསྟར་ཇུས་གཞིའི་ནང་2018ལོ་ནས་2019ལོ་བར། ཤིས་ཨན་གནའ་གྲོང་གི་སྤྲོ་འཆམ་ནུས་པ་འབུར་དུ་ཐོན་པར་བྱས་ཏེ་གྲོང་སྐོར་གྱི་མཚན་མོའི་ལྟ་སྐོར་བར་ཁྱམས་བསྐྲུན་ནས་བཟའ་བཏུང་དང་ཉོ་སྒྲུབ་དང་། རོལ་རྩེད། རིག་གནས་འཁྲབ་སྟོན། ལུས་སྦྱོང་སོགས་གཞི་གཅིག་ཏུ་བསྡུས་པའི་གནའ་གྲོང་གི་མཚན་མོའི་ཡུལ་སྐོར་ཐོན་རྫས་གཏོད་རྒྱུ་ཡིན་པ་རེད།
         2018ལོའི་ཤིས་ཨན་གྲོང་ཁྱེར་གྱི་ལྕགས་རི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་བསྡུར་ཟླ་བཞི་པའི་ཟླ་སྨད་དུ་འགོ་ཚུགས་རྒྱུ་ཡིན་ཞིང་། གྲོང་ཁྱེར་ལྕགས་རིའི་ཉེ་འཁོར་དུ་མཚན་མོ་རྒྱུག་ཤར་གློད་པ་ནི་ཤིས་ཨན་གྱི་རྒྱུག་ཤར་ཚོགས་པ་མང་དག་ཅིག་དང་མཚན་མོ་རྒྱུག་ཤར་གློད་པར་དགའ་པོ་བྱེད་མཁན་ཚོའི་གདམ་ག་ཡག་ཤོས་སུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།