འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་ཁུལ་དབུལ་པོར་ཞིང་ལས་འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་མགྱོགས་པོ་གཏོང་
    བའི་གོ་སྐབས་སྔར་བས་མང་བ་འཕྲད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་སིའི་སི་ཀྲང་གཞོན་པ་ལི་ཨན་ཉིང་གིས་སླད་ཕྱིན་སྲིད་ཇུས་ཀྱི་ཐད་ནས་རྣམ་གྲངས་ལ་གཟིགས་སྐྱོང་དང་མ་ལག་ཐོན་ཁུངས་བསྡུ་འགྲིལ་སོགས་ཀྱི་བྱ་ཐབས་ཁག་དྲུག་ལག་ལེན་བསྟར་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་གནད་སྨིན་དབུལ་སྐྱོར་མགྱོགས་པོ་བྱ་རྒྱུ་རེད་ཅེས་བརྗོད།
         དེ་ནི་གསར་འགོད་པར་གོང་ཚེས་ཉིན་ཀྲུང་གོ་ཞིང་ལས་སློབ་ཆེན་ཀྲུང་གོ་ཞིང་ལས་འཕྲུལ་ཆས་ཅན་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་བཟོ་ལས་སློབ་གླིང་གིས་གཙོ་གཉེར་བྱས་པའི“ཞིང་འཕྲུལ་གནད་སྨིན་དབུལ་སྐྱོར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་མ་གཏོང་རོགས་བྱེད་པའི”བགྲོ་གླེང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད། རོགས་སྐྱོར་གྱི་གཙོ་གནད་བྱ་ཐབས་ཁག་དྲུག་པོ་དེ་དག་ནི།
         —— རྫོང་དབུལ་པོ་གནས་སའི་ཞིང་ཆེན་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་གཙོ་གཉེར་དོ་དམ་སྡེ་ཚན་ལ་མཛུབ་ཁྲིད་བྱས་ནས་ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་དང་། དེ་བཞིན་དཔེ་སྟོན་རྣམ་གྲངས་ཀྱི་མ་དངུལ་དང་ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ས་ཞིང་རྨོ་འདེབས་ཀྱི་ཁ་གསབ་ལས་འགན་བཀོད་སྒྲིག་བྱ་རྒྱུ་དེ་ས་ཁུལ་དབུལ་པོར་ཕྱོགས་ནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་དེའི་དགོས་མཁོ་སྐོང་དགོས་པ་དང་།
         —— ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་སིའི་ནང་ཁོངས་ཀྱི་ཁྲུའུ་དང་འབྲེལ་ཡོད་བྱ་གཞག་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྐྱོར་བྱེད་དགོས།
         —— ས་ཁུལ་དབུལ་པོའི་གཙོ་ཁྲིད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ལ་དམིགས་པ་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཀྱི་གཙོ་གནད་དང་དགོས་མཁོར་གཞིགས་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ལག་རྩལ་རིགས་གཅིག་མཁས་ཅན་འབྲེལ་ཡོད་ས་ཁུལ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ་འཕྲུལ་ཆས་ཅན་གྱི་ལག་རྩལ་གསོ་སྦྱོང་དང་། བློ་འདྲིའི་མཛུབ་ཁྲིད། འཕྲུལ་ཆས་ཡོ་བྱད་ས་གནས་ས་ཐོག་ཏུ་སྤྱོད་པ་སོགས་བྱེད་དགོས།
         —— ཆ་རྐྱེན་ཡོད་པའི་ས་གནས་དང་ལྷག་པར་དུ་གནས་གཏན་འཁེལ་གྱི་འབྲེལ་གཏུག་རྫོང་དང་གྲོང་ཚོར་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་སོགས་ཀྱི་སྣེ་ཁྲིད་པ་དང་དེ་བཞིན་འདེབས་གསོའི་དུད་ཆེན་ལག་རྩལ་གསོ་སྦྱོང་ལ་ཞུགས་རྒྱུར་བདམས་ནས་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་ཞབས་འདེགས་དང་ལས་སྒྲུབ་རྩ་འཛུགས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་དགོས།
         —— སྤྱི་ཚོགས་ཀྱི་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ཅན་གྱི་སྤྱི་ཚོགས་ཚོགས་པ་དང་སློབ་གླིང་སོགས་དབུལ་སྐྱོར་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱས་ནས་ཞིང་ལས་འཕྲུལ་ཆས་ཀྱི་དངོས་ཤུགས་ལྡན་པའི་ཁེ་ལས་ལ་དབུལ་སྐྱོར་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན་ཏེ་ས་གནས་ཀྱི་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་སྒྲིག་ཆས་ཁག་གཅིག་ཞལ་འདེབས་རྒྱག་པ་དང་དེ་བཞིན་ཆ་སྒྲིག་རོགས་སྐྱོར་བྱེད་དགོས།
         —— ཞིང་ལས་དང་གྲོང་གསེབ་པུའི་ནང་ཁོངས་ཀྱི་འབྲེལ་ཡོད་སི་དང་ཅུས་དང་། འབྲེལ་ཡོད་ཚན་ཞིབ་ཁང་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་རྣམ་གྲངས་སྦྲེལ་མཐུད་དོན་འཁྱོལ་དང་། འབྲེལ་ཡོད་ལག་རྩལ་ཞབས་ཞུའི་མཚམས་སྦྱོར་འབྲེལ་ལམ་འཛུགས་པ། ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ཚོང་གཉེར་རྒྱ་ཆེར་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།