༄༅།།ཚན་རྩལ་གྱིས་ཕུགས་འདུན་གཏོད། གསར་གཏོད་ཀྱིས་འཚར་ལོངས་བྱེད།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་10ཉིན། 10:29】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། “ཚན་རྩལ་གྱིས་ཕུགས་འདུན་གཏོད། གསར་གཏོད་ཀྱིས་འཚར་ལོངས་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཧྲན་ཏུང་ཆིང་ཏའོ་རིག་ནུས་ཚན་རྩལ་གསར་གཏོད་སློབ་གསོ་རྟེན་གཞིར་སྤེལ་བ་དང་། ཆིང་ཏའོ་ལུའོ་དབྱང་ལམ་གྱི་སློབ་ཆུང་དང་པོའི་སློབ་མ་320ཆིང་ཏའོ་རྒྱལ་སྤྱིའི་འཕྲུལ་མིའི་ལྟེ་གནས་སུ་བསྐྱོད་ནས་LPI30Fཡི་འཕྲུལ་མི་དང་། YuMiའཕྲུལ་མིའི་ཚན་རིག་ཁྱབ་གདལ་ཁུལ་དུ་ལྟ་སྐོར་བྱས་ནས་འཛམ་གླིང་སྔོན་ཐོན་གྱི་ཚན་རྩལ་ཐོན་རྫས་ཉམས་ལེན་བྱས་པ་དང་ཆབས་ཅིག ལག་པ་འགུལ་ནས་ཉི་ནུས་རླུང་འཁོར་དང་ཧུའུ་ཅིང་འཕྲུལ་མི་སོགས་ཀྱི་བཟོ་རྩལ་ཆུང་ངུ་ལེགས་སྒྲུབ་བྱས་པའི་དམིགས་ཡུལ་ནི་ཕྲུ་གུ་ཚོས་ཆུང་དུས་ནས་ཚན་རིག་ལ་དགའ་ཞེན་དང་འཚོལ་ཞིབ་བྱེད་ཕོད་པའི་སློབ་སྦྱོང་གི་གཤིས་རྒྱུད་ཅིག་འཇགས་ཆེད་ཡིན་པ་རེད།