འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་བྱང་དང་བྱང་རྒྱུད་ས་ཁུལ་དུ་བྱེ་རྡུལ་གྱི་རླུང་འཚུབ་པ་དང་། བྱང་ཤར་ས་ཁུལ་དུ་ཁ་ཆར་
    འབབ་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གནམ་གཤིས་ཁང་གི་དྲ་ཚིགས་ཀྱི་འཕྲིན་ལྟར་ན། ཚེས་8ཉིན། ཧེ་ལུང་ཅང་དང་བོད་ལྗོངས་དབུས་རྒྱུད་སོགས་ཀྱི་ས་ཁུལ་དུ་ཁ་བ་ཆུང་བའམ་ཁ་ཆར་འདྲེས་མར་བབས་པ་དང་། བོད་ལྗོངས་ལྷ་རིར་ཆར་ཆུ་ཧའོ་སྨི་11བབས་ཡོད་པ་དང་། ཤིན་ཅང་བྱང་རྒྱུད་དང་བོད་ལྗོངས་ཤར་ལྷོ་ཕྱོགས་དང་ཡུན་ནན་ནུབ་བྱང་སོགས་ཀྱི་ས་ཁུལ་དུ་ཆར་པ་ཆུང་བ་ནས་འབྲིང་ཙམ་བབས་པ་རེད། 
         ཚེས་9མཚན་མོ་ནས་ཚེས་11ཉིན་བར། ནང་སོག་བྱང་ཤར་དང་བྱང་ཤར་ས་ཁུལ་དུ་ཁ་ཆར་འབབ་པ་དང་། ལྷག་པར་དུ་བྱང་ཤར་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེན་པོ་འབབ་རྒྱུ་རེད། ཧེ་ལུང་ཅང་བྱང་དབུས་ས་ཁུལ་ཁ་ཤས་སུ་ཁ་ཆར་འདྲེས་མ་དང་ཆར་པ་ནས་ཁ་བ་འབབ་རྒྱུ་རེད། ཚེས་11ཉིན་ནས་བཟུང་། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་ཁྱབ་ཆེ་བའི་ཆར་ཆུ་ཐེངས་ཤིག་འབབ་རྒྱུ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད། གཞན་ཡང་། མདོ་དབུས་མཐོ་སྒང་དུ་ཁ་བ་དང་ཆར་པ་འབབ་རྒྱུ་དང་། དེ་ལས་ས་ཁུལ་ཁ་ཤས་སུའང་ཁ་བ་ཆེན་པོ་འབབ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།