འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་ལྗོངས་སུ་གྲོང་ཚོ་དབུལ་པོ་1705དབུལ་སྒྲོལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གྲོང་ཚོ་དབུལ་པོ་1705དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་ཡོད། ལྗོངས་ཡོངས་སུ་མི་འབོར་དབུལ་པོ་2015ལོའི་ལོ་མཇུག་གི་མི་ཁྲི་59ནས་2017ལོའི་ལོ་མཇུག་གི་མི་ཁྲི་33བར་ཆག་སྟེ་ལོ་གཉིས་ནང་མི་འབོར་དབུལ་པོ་ཁྲི་26ཉུང་དུ་ཕྱིན་ཡོད།
         སྲིད་ཇུས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ་དང་ཐོན་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་ཤིང་། 2017ལོར་བོད་ཀྱིས་ཐོན་ལས་འཕེལ་རྒྱས་ཐད་མ་དངུལ་སྒོར་དུང་ཕྱུར་60བཏང་སྟེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ཡོང་འབབ་བརྟན་པོ་འཕར་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་106.9སྤྱི་འདོམས་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་གནས་433བསྐྲུན་པ་དང་འབྲེལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1720ལག་བསྟར་བྱས་ཡོད།
         འདི་ལོ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་ལོ་ཡིན་ཞིང་། མིག་སྔར་བོད་དུ་ད་དུང་ཤིན་ཏུ་དབུལ་བའི་རྫོང་44དང་། ཤིན་ཏུ་དབུལ་བའི་ཤང་གྲོང་315 ཤིན་ཏུ་དབུལ་བའི་གྲོང་ཚོ་2440བཅས་ཡོད་པ་རེད། གོམ་སྟབས་རྗེས་མར་བོད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དེ་དག་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ནས་དབུལ་སྐྱོར་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་མི་སྣ་བཅས་ས་ཁུལ་དེ་དག་ལ་གཅིག་སྡུད་ཐོག་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་117བསྡུ་སྒྲིལ་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོའི་ནང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱས་ཏེ་གྲོང་ཚོ་དབུལ་པོ་2100དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15ཡན་དབུལ་སྒྲོལ་ཐུབ་རྒྱུ་དང་འབྲེལ་མི་འབོར་དབུལ་པོར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%ཡན་རྒྱུན་འཁྱོངས་ཐུབ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།