འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཀན་སུའུ་ཡིས་རང་བྱུང་གྲོང་ཚོ་ཁྲི་1.75ཡི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཉིན་ཤས་གོང་གཅིག་རྗེས་གཉིས་མཐུད་ངང་འགོ་ཚུགས་པ་དང་། སྔོན་དཔག་ལྟར་ན། འདི་ལོའི་ལོ་མཇུག་ཏུ་ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་གཞུང་ལམ་སྤྱི་ལེ་ཁྲི་2ལྷག་བསྐྲུན་རྒྱུ་ཡིན་པ་དེས་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ཁྲི་1.75ཡི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
         ཀན་སུའུ་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་འཆར་འགོད་གཞིར་བཟུང་། 2018ལོ་ནས་2020ལོ་བར་ཀན་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་360བཏང་ནས་ཤིན་ཏུ་དབུལ་བའི་རྫོང་18ཀྱི་དུད་ཚང་30ཡན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་དང་དེ་བཞིན་རྫོང་དང་། གྲོང་ཁྱེར། ཆུས་བཅས་གཞན་དག་གི་དུད་ཚང་50ཡན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ལ་གཞུང་ལམ་དང་སྲང་ལམ་གཙོ་བོ་གཞི་ཁྱོན་སྤྱི་ལེ་ཁྲི་8.04ཙམ་མཁྲེགས་སུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ཁྲི་3.33གི་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་མ་ཟད། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་70%ཡི་ལམ་བུ་མཁྲེགས་སུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།