འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་འདྲི་དཔྱོད་དང་པོ་ནས་ཁྲིམས་ཆད་ལོ་24
    ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་འདྲི་དཔྱོད་དང་པོ་ནས་ཁྲིམས་ཆད་ལོ་24
ཕོག་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་6ཉིན། ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ཡི"སྲིད་འཛིན་ཐེ་གཏོགས་དོན་རྐྱེན"ལ་འདྲི་དཔྱོད་དང་པོ་བྱས་ལ། ཕེའོ་ཅིན་ཧུའེ་ཡི་ནག་ཉེས་མང་པོ་ཞིག་གཏན་འཁེལ་བྱུང་བ་དང་། ཁྲིམས་ཆད་ལོ་24དང་དངུལ་ཆད་སྒོར་མོ་དུང་ཕྱུར་180བཅས་བཅད་པ་རེད། དུས་ཡུན་ཉིན་354འགོར་བའི་ཕེའོ་ཅིན་ཧུའེ་ཡི"སྲིད་འཛིན་ཐེ་གཏོགས་དོན་རྐྱེན"གྱི་འདྲི་དཔྱོད་དང་པོ་མཇུག་རྫོགས་པ་རེད།
          པེ་ཅིང་གི་དུས་ཚོད་ཟླ་4ཚེས་6ཉིན་གྱི་ཕྱི་དྲོར། ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་སེ་འོལ་ཀྲུང་དབྱང་ས་གནས་ཁྲིམས་ཁང་གིས"སྲིད་འཛིན་ཐེ་གཏོགས་དོན་རྐྱེན"གྱི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ད་ལྟ་ལོ་66ལ་སོན་པའི་ཕེའོ་ཅིན་ཧུའེ་ཡིས་ལྐོག་རྔན་བླངས་པ་དང་། ཁེ་ལས་ལ་བཙན་གནོན་ངང་མ་དངུལ་གཏོང་དུ་བཅུག་པ། དབང་ཆ་གང་བྱུང་དུ་སྤྱད་པ། གསང་བ་ཕྱིར་ཤོར་བྱུང་བ་སོགས་ནག་ཉེས་མང་པོ་ཞིག་ཡོད་པ་གཏན་འཁེལ་བྱུང་བ་ལས། ཁྲིམས་ཆད་ལོ་24དང་དངུལ་ཆད་སྒོར་མོ་དུང་ཕྱུར་180བཅས་བཅད་པ་རེད། ཕེའོ་ཅིན་ཧུའེ་ཡིས་ཉིན་དེའི་སྔ་མོ་ནས་ཉེས་ཅན་དོ་དམ་ཁང་བརྒྱུད་ནས་སྤྲོད་པའི་དགག་རྒྱག་ཡི་གེ་རུ་ཁྲིམས་རར་ཞུགས་ནས་འདྲི་གཅོད་དང་ལེན་བྱེད་མི་སྲིད་ཅེས་བསྟན་པ་རེད། ཉིན་དེར། ཁྲིམས་རར་ཞུགས་མེད་པ་རེད།
    ༄༅།།ལྷོ་ཁོ་རེ་ཡའི་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་འདྲི་དཔྱོད་དང་པོ་ནས་ཁྲིམས་ཆད་ལོ་24
ཕོག་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།