འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་གོལ་གྱི་སྲིད་བློན་ཁུ་རེ་ལི་སུ་ཁཱ་ཡིས་ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མོང་གོལ་གྱི་སྲིད་བློན་ཁུ་རེ་ལི་སུ་ཁཱ་ཡིས་ཀྲུང་གོར་དངོས་གཞི་འཚམས་འདྲི་གནང་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། མོང་གོལ་རྒྱལ་ཁབ་ཀྱི་སྲིད་བློན་ཨུ་ན་ཨིན་ཁུ་རེ་ལི་སུ་ཁཱ་(Ukhnaagiin Khürelsükh)ཡིས་ཟླ་4ཚེས་8ཉིན་ནས་ཚེས་12ཉིན་བར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ལ་ཞུགས་རྒྱུར་མ་ཟད། ཀྲུང་གོར་འཚམས་འདྲི་ཡང་གནང་རྒྱུ་ཡིན་པ་རེད།
          མོང་གོལ་རྒྱལ་ཁབ་ཀྱི་སྲིད་བློན་ཨུ་ན་ཨིན་ཁུ་རེ་ལི་སུ་ཁཱ་ནི་རྒྱལ་ས་ཨུ་ལན་དཔའ་ཐུལ་ནས་ཡིན་ལ། 1989ལོར་མོང་གོལ་རྒྱལ་སྲུང་སློབ་ཆེན་གྱི་ཆབ་སྲིད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་1994ལོར་རྒྱལ་ཁབ་སྲིད་འཛིན་དོ་དམ་སློབ་གླིང་གི་རྒྱལ་ཁབ་དོ་དམ་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་པ། 2000ལོར་མོང་གོལ་རྒྱལ་བཙུགས་སློབ་ཆེན་གྱི་ཁྲིམས་ལུགས་ཆེད་ལས་ནས་སློབ་མཐར་ཕྱིན་པ་རེད། བསླབ་གནས་ནི་ཆབ་སྲིད་རིག་པའི་ཞིབ་འཇུག་སློབ་མ་ཡིན་པ་དང་། ཨུ་རུ་སུའི་སྐད་ཤེས་པ། ཐེངས་གསུམ་ལ་རྒྱལ་ཁབ་ཚོགས་ཆེན་གྱི་ཨུ་ཡོན་(དབྱི་ཡོན)དུ་བདམས་མྱོང་བ་དང་། སྔ་གཞུག་ཏུ་མོང་གོལ་དམངས་གཙོ་སྤྱི་ཚོགས་གཞོན་ནུ་མནའ་འབྲེལ་གྱི་ཀྲུའུ་ཞི་དང་། མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། པུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་བར་མ་ཟད། 2014ལོ་ནས་2015ལོའི་བར་དང་། 2016ལོ་ནས་2017ལོའི་བར་ཐེངས་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པའི་འགན་ཁུར་མྱོང་བ་རེད། 2017ལོའི་ཟླ་10པར། རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་ཁུར་བ་དང་། ཟླ་11པར། མི་དམངས་ཏང་གི་ཀྲུའུ་ཞིར་བདམས་པ་རེད།
         ཨུ་ན་ཨིན་ཁུ་རེ་ལི་སུ་ཁཱ་ནི་གཉེན་སྒྲིག་བྱས་ཡོད་ལ། བུ་མོ་གཉིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།