འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཀྲེང་ཨན་དུ“པི་ཝང་རྒྱུད་དྲུག་མ་ཆུང་ཆུང”དབུལ་སྐྱོར་གྱི་ཐོན་ལས་ཆེ་མོར་
    གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཀྲེང་ཨན་རྫོང་ཀྲེང་ཨན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་པི་ཝང་རྒྱུད་དྲུག་མའི་ཐོན་ལས་གླིང་དུ་པི་ཝང་རྒྱུད་དྲུག་མའི་ཐོན་ལས་དར་བས་ཕྱིར་གླ་པར་སྐྱོད་མཁན་འབོར་ཆེན་ཞིག་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་ཡོད། 2017ལོར་ཀྲེང་ཨན་རྫོང་གི་པི་ཝང་རྒྱུད་དྲུག་མའི་ཐོན་ལས་ཀྱིས་མི་ཁྲི་1.1གི་ལས་ཞུགས་ཐག་གཅོད་བྱས་པའི་ནང་མི་འབོར་དབུལ་པོ་1160ཟིན་ནས་ས་གནས་དེ་གའི་ཞིང་པར“ཁྱིམ་གྱི་སྒོ་འགྲམ་ནས”ལས་ཞུགས་ཐུབ་རོགས་བྱས་པ་དང་། ཀྲེང་ཨན་རྫོང་གིས་ལོར་པི་ཝང་རྒྱུད་དྲུག་མ་ཁྲི་506ཐོན་སྐྱེད་ཐུབ་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་50ལྷག་ཙམ་ཟིན་ནས་ཨ་རི་དང་། རི་པིན། པར་ཙིར། འཇར་མན་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་བྲིན་ཚོང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།