འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱིས་མང་ཚོགས་ལ་ཡོང་འབབ་འཕར་རྒྱུར་རམ་འདེགས་
    བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ཐོན་ཁུངས་ལ་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་སུ་ན་ནིང་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་124.2དོན་ཐོག་ཏུ་འཁྱོལ་བའི་ནང་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་60སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་19.1སྐུལ་སློང་བྱས་པ། སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་38ཙམ་བསྡུ་རུབ་བྱས་ཡོད། ལོ་གཅིག་གི་ནང་མ་འཇོག་སྒོར་དུང་ཕྱུར་106.2ལེགས་སྒྲུབ་བྱས་པ་དང་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་1195སྐྲུན་འགོ་ཚུགས་ནས་མི་ཁྲི་6.9དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྣེ་ཁྲིད་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ཡིས། ལྗོངས་ཡོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཁྱབ་འགྱེད་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱས་ནས་ཁྲེང་ཀོན་ཆུས་ས་གཙང་ཐོན་ལས་དང་། པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས། རྣམ་གླིང་རྫོང་གི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ཐོན་ལས། ལྷུན་རྩེ་རྫོང་གི་ནས་ནག་ཐོན་ལས། ཉིང་ཁྲིའི་བོད་ཕག་གསོ་ཚགས་ཐོན་ལས། འགོ་འཇོ་རྫོང་གི་ངག་དབང་གི་ལུག་ཐོན་ལས། སྨར་ཁམས་རྫོང་གི་རྒུན་འབྲུམ་ཐོན་ལས། ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་ལས། དཔལ་མགོན་རྫོང་གི་འབྲོག་ལས་ཚན་རྩལ་ཐོན་ལས་མཉམ་ལས་གླིང་། སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་འབྲོག་ལས་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གི“ཕུལ་བྱུང་ཆེན་པོ་བཅུའི”དབུལ་སྐྱོར་ཐོན་ལས་བཅས་གདམ་གསེས་བྱས་པ་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་སྣེ་འདྲེན་སྐུལ་ཁྲིད་བརྒྱུད་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད།
         “འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དེ་དུས་ཐུང་དབུལ་སྒྲོལ་ནས་ཡུན་རིང་འབབ་འཕར་ཡོང་རྒྱུར་འགྱུར་ནས་ཐོན་ལས་འཕེལ་རྒྱས་ཐད་ད་ཡོད་ཀྱི་ཐོན་ལས་དང་མྱུར་སྒྲུབ་རྣམ་གྲངས་ཡག་པོ་བསྒྲུབ་རྒྱུ་དང་ཆབས་ཅིག‘གཙང་པོ་གཅིག་དང་ཆུ་བོ་བཞི’རྒྱུག་ཁུལ་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ཐོན་ལས་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་དབུལ་པོ་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་ལས་གནས་མང་དུ་གཏོང་བ་བཅས་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་དབུལ་པོ་ཐོན་ལས་ནང་ཞུགས་ཚད་མཐོ་རུ་གཏོང་རྒྱུ་རེད”ཅེས་དབྱིན་ཧྥེན་ཧྲུའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།