འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་གསུམ་པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་དོ་དམ་སྟོན་གྲངས་བརྒྱ་ཆའི་
    གྲངས་1.2འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་ཞིབ་ལྟེ་གནས་ཀྱིས་ཚེས་31ཉིན་ཟླ་གསུམ་པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་དོ་དམ་སྟོན་གྲངས(PMI)51.5%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.2འཕར་ཡོད་པ་རེད། ཁྲོམ་རའི་དགོས་མཁོ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་། ཐོན་སྐྱེད་བྱེད་སྒོ་སླར་གསོ་མྱུར་པོ་བྱུང་བ། ལས་རིགས་ཡོངས་ཁྱབ་ངང་འཕར་བ། ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པ་ལེགས་སུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་བཅས་ཁྱབ་བསྒྲགས་བྱས་པ་རེད།
         ཁྲོམ་རའི་དགོས་མཁོ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཞིང་། ཟླ་གསུམ་པར་མངགས་ཐོ་གསར་པའི་སྟོན་གྲངས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་2.3འཕར་ནས་53.3%ཟིན་པ་དང་ཐོན་སྐྱེད་ཀྱི་སྟོན་གྲངས་བརྒྱ་ཆའི་གྲངས་0.2ལས་མཐོ་བ་ཡོད་པ་དང་།
         ཐོན་སྐྱེད་ཀྱི་བྱེད་སྒོ་སླར་གསོ་མྱུར་པོ་བྱུང་ཞིང་། ཟླ་གསུམ་པར་ཐོན་སྐྱེད་སྟོན་གྲངས་ཟླ་གོང་མས་ལས་བརྒྱ་ཆའི་གྲངས་2.4འཕར་ནས་53.1%ཟིན་པ་དང་ཉོ་སྒྲུབ་ཀྱི་སྟོན་གྲངས་བརྒྱ་ཆའི་གྲངས་2.2འཕར་ནས་53.0%ཟིན་ཡོད།
         ལས་རིགས་ཡོངས་ཁྱབ་ངང་འཕར་ཞིང་། ཟླ་གསུམ་པར་བརྟག་དཔྱད་བྱས་པའི་ལས་རིགས་ཆེ་གྲས་21ཁྲོད་ལས་རིགས་14ཟླ་གོང་མ་ལས་འཕར་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་འཛད་རྫས་ལས་རིགས་འཕར་ཚད་དེ་བས་མངོན་གསལ་དོད་པ་ཡོད་པ་རེད། སྒྲིག་ཆས་ལས་རིགས་PMI52.2%ཡིན་པ་དེ་བཟོ་སྐྲུན་ལས་རིགས་སྤྱི་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.7ཡི་མཐོ་བ་ཡོད་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.2འཕར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།